འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་ཧྥེ་རི་ཁའི་སྣུམ་སྤུས་ལེགས་ཀྲུང་གོར་བྲིན་ཁ་རྒྱུག་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་15ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐ་ན་ན་ལི་ཧྥུའུ་ནས་གློག་འཕྲིན་འབྱོར་གསལ། མ་ཏ་ཀ་སི་ཁའི་ནུབ་བྱང་རྒྱུད་ཀྱི་ནུའོ་ཤིས་པཱ་ནི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་300ཙམ་ཡོད་པའི་མཚོ་གླིང་ཞིག་ཡིན་པ་དང་རླངས་འཁོར་ལ་བསྡད་ནས་མཚོ་སྐོར་ཞིག་བརྒྱབ་ཚེ་ཆུ་ཚོད་གཉིས་ལས་འགོར་གྱི་མེད། གླིང་ཕྲན་དེར་སྐྱིད་སྣང་དོད་པའི་མཚོ་འགྲམ་ཡོད་པས་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་ཕུད། ད་དུང་ས་གནས་དེ་གའི་མིས་དབྱི་ལན་དབྱི་ལན་ཞེས་འབོད་པའི་མེ་ཏོག་ཅིག་ཀྱང་ཡོད། ད་ལོར་ནུའོ་ཤིས་པཱ་ཡི་དབྱི་ལན་དབྱི་ལན་གྱི་སྣུམ་སྤུས་ལེགས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་ཡོད།
     ཨན་ཏུའོ་ཡིས་དེ་སྔོན་ཧྥ་རན་སེའི་སྣུམ་གྱི་ཁེ་ལས་ཤིག་ཏུ་ལས་ཀ་བྱེད་ཀྱི་ཡོད། 2020ལོར་ཁོང་གིས་རང་ཉིད་ཀྱི་སྣུམ་སྤུས་ལེགས་ཀྱི་ཁེ་ལས་བཙུགས་པ་མ་ཟད། ནུའོ་ཤིས་པཱ་ནས་སྤྱི་ཆིང་15ལྷག་ཙམ་ཟིན་པའི་དབྱི་ལན་དབྱི་ལན་འདེབས་འཛུགས་གླིང་འགན་གཙང་བླངས་པ་དང་། སྲོལ་རྒྱུན་གྱི་སྣུམ་སྤུས་ལེགས་ཁེ་ལས་གཞན་དང་མི་འདྲ་བར་ཁོང་གི་སྣུམ་སྤུས་ལེགས་ཐོན་རྫས་70%ཙམ་ཀྲུང་གོའི་ཁྲོམ་རར་ཕྱིར་གཏོང་བྱེད་ཀྱི་ཡོད།
     ཀུང་སི་ཐོག་མར་འཛུགས་སྐབས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་མོད། འོན་ཀྱང་ཨན་ཏུའོ་ཡིས་ཀྲུང་གོའི་མཉམ་ལས་རོགས་ཟླ་དང་དྲ་རྒྱ་ནས་སྤེལ་རེས་བྱས་ཤིང་། ཁོང་གིས། སྟབས་ལེགས་པ་ཞིག་ལ་ལོ་གསུམ་གྱི་རིང་ཀྲུང་གོའི་ཁྲོམ་རར་སྣུམ་སྤུས་ལེགས་ཕྱིར་ཚོང་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་མ་བྱུང་། 2020ལོར་སླེབས་སྐབས་ཀུང་སིས་ཀྲུང་གོར་སྤྱི་རྒྱ་400དང་500ཡི་དབྱི་ལན་དབྱི་ལན་གྱི་སྣུམ་བཙོངས་པ་དང་། ད་ལོའི་ཚུན་ཀྲུང་གོའི་ཁྲོམ་རའི་མངགས་ཐོ་སྤྱི་རྒྱ་750ཟིན་ཡོད་ཅེས་བཤད།
     ད་ལོར་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཐེངས་དང་པོ་ཞུགས་མཁན་ཨན་ཏུའོ་ཡིས་ཐོན་རྫས་ཁག་14བདམས་པའི་ནང་དབྱི་ལན་དབྱི་ལན་གྱི་སྣུམ་ཡོད་པ་མ་ཟད། ད་དུང་ཐན་ལན་ཁུའེ་དང་། ཤིང་ག་བུར། སྒ་སྐྱ། མེ་ཏོག་དབང་ལག་སོགས་རྒྱུ་ཆ་བྱས་ནས་བཟོས་པའི་སྣུམ་སྤུས་ལེགས་དང་སྐྱེ་དངོས་སྣུམ་གྱི་ཐོན་རྫས་ཡོད་པ་རེད།
     མ་གཞི་མ་ཏ་ཀ་སི་ཁར་ཧིན་རྡུ་རྒྱ་མཚོའི་ནུབ་རྒྱུད་དུ་གནས་ནས་ཀྲུང་གོ་དང་བར་ཐག་ལེ་དབར་མང་པོ་ཆོད་མོད། འོན་ཀྱང་ཀྲུང་མ་ཕྱོགས་གཉིས་པོའི་ཚོང་དོན་འགྲོ་འོང་དམ་ཟབ་ཡོད། ལོ་བདུན་བསྟུད་མར་ཀྲུང་གོ་ཉིད་མ་ཏ་ཀ་སི་ཁར་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། ལྟ་ཞིབ་མི་སྣ་ཁག་གཅིག་གིས་མ་ཏ་ཀ་སི་ཁར་གྱི་ཁེ་ལས་དེ་བས་མང་བ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་ནས་ཀྲུང་གོའི་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ་དང་བསྟུན་ནས། མ་ཏ་ཀ་སི་ཁར་གྱིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་བརྟན་པོའི་ངང་འཕར་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།