འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ས་ཆ་འདི་ནས་རྡོ་སྣུམ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2000ལྷག་ཐོན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་14ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ས་ཆ་འདི་ནས་རྡོ་སྣུམ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2000ལྷག་ཐོན།
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་11ཚེས་13ཉིན། ཀྲུང་གོ་རྡོ་སྣུམ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཐ་ལི་མུའུ་གཤོངས་སའི་རྒྱ་དཔངས་དུང་ཕྱུར་ཁྲི་ཡི་རླངས་ཁུལ་ཐོག་མ་སྟེ་ཁེ་ལ་ཁེ་ཧྲེན་རླངས་ཁུལ་ནས་རིམ་རྩིས་བྱས་ན་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2000ལྷག་ཐོན་པ་དང་། དེས་ནུབ་རླངས་ཤར་འདྲེན་བརྟན་པོ་ཡོང་བར་རང་བྱུང་སོལ་རླངས་མཁོ་འདོན་བྱ་རྒྱུར་རང་བྱུང་སོལ་རླངས་ཡོང་ཁུངས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱས་ནས། རང་རྒྱལ་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།   
   ཀྲུང་གོ་རྡོ་སྣུམ་ཐ་ལི་མུའུ་སྣུམ་ཞིང་ཁེ་ལ་སྣུམ་རླངས་འདོན་པའི་དོ་དམ་ཁུལ་ཁེ་ལ་རླངས་འདོན་ལས་སྒྲུབ་ཁུལ་གྱི་ཅིང་ལི་ཅང་གོ་ཅུན་གྱིས། ང་ཚོས་ཁྲོན་པ་གསར་པ་ཞིག་ཐོན་སྐྱེད་ལ་སྤྱད་པ་དང་ཁྱོན་ཡོངས་ནས་ཐོན་སྐྱེད་ལེགས་སྒྲིག་བྱས་མ་ཐག་ཏུ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་300མཐོ་རུ་སོང་ཡོད། ད་ལོར། ཁེ་ལ་སྣུམ་རླངས་གསར་སྤེལ་པུའུ་ཡིས་རང་བྱུང་སོལ་རླངས་ཐོན་སྐྱེད་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་130ལས་བརྒལ་ནས། རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་གྲོང་ཁྱེར་160ལྷག་ཙམ་དང་།ཁེ་ལས་ཆེ་འབྲིང་3000ལྷག་ཙམ། མི་དུང་ཕྱུར་4བཅས་ལ་དྭངས་གཙང་གི་ནུས་རྒྱུའི་འགན་ལེན་བྱས་པ་རེད།
   ཁེ་ལ་ཁེ་ཧྲེན་རླུང་ཁམས་ཆེ་མོའི་ཁུལ་གྱི་ས་འོག་གྲུབ་ཆ་རྙོག་འཛིང་ཆེ་བ་དང་། སྦས་པའི་གཏིང་ཚད་སྨི་4500ནས་8100བར་ཟིན་གྱི་ཡོད། དེ་ནི“ཚེ་སྲོག་བཀག་སྡོམ་ཁུལ”ཡིན་ལ“འཚོལ་ཞིབ་བཀག་སྡོམ་ཁུལ”ཡང་ཡིན། ཐ་ལི་མུའུ་སྣུམ་ཞིང་གིས་རྨང་གཞིའི་ས་གཤིས་རིགས་པའི་གཞུང་ལུགས་གསར་གཏོད་དང་ལས་གྲྭའི་ལག་རྩལ་འགག་སྒྲོལ་བྱས་པ་བརྒྱུད། ཀྲུང་གོའི་ལོའི་ཐོན་ཚད་སྨི་ངོས་གྲུ་དུང་ཕྱུར་བརྒྱ་ལྷག་ཙམ་ཟིན་པའི་བྲག་རྡོ་རླངས་ཞིང་སྟེ་ཁེ་ཧྲེན་རླངས་ཞིང་དང་། ཀྲུང་གོའི་སྐམ་སའི་ཐོག་གི་རླངས་ཞིང་ཟབ་ཤོས་ཏེ་ཁེ་ཧྲེན་རླངས་ཞིང་9པ་སོགས་ཟབ་སའི་གསར་སྤེལ་གྱི་མཚོན་རྟགས་རང་བཞིན་གྱི་རླངས་ཞིང་གསར་སྤེལ་བྱས་ནས།ཟབ་སའི་གསར་སྤེལ་ལག་རྩལ་མ་ལག་འཐུས་ཚང་བཟོས་པ་རེད།
   2004ལོར་ཐོན་སྐྱེད་བྱེད་འགོ་ཚུགས་པ་ནས་བཟུང་། ཁེ་ལ་ཁེ་ཧྲེན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་ཡི་རླངས་ཁམས་ཆེ་མོའི་ཁུལ་དུ་རིམ་རྩིས་བྱས་ན་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2005.91ཐོན་སྐྱེད་བྱས་པ་དང་། དུས་མཚུངས་རིམ་རྩིས་བྱས་ན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱ་ལས་བརྒལ་བའི་རླངས་ཁྲོན་6བཟོས་ཤིང་། རིམ་རྩིས་བྱས་ན་རླངས་ཁྲོན་17གྱིས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་10ལས་བརྒལ་བའི་སོལ་རླངས་ཐོན་སྐྱེད་བྱས་ཡོད་པ་རེད།
༄༅།།ས་ཆ་འདི་ནས་རྡོ་སྣུམ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2000ལྷག་ཐོན།