༄༅།།ཉིན་100ཡི་རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་གྱ་དགུ་པ། ཕྱི་རོལ་གྱི་བརྡ་ཁྱབ་བྱང་བུས་མི་ལ་རྨས་སྐྱོན་བཟོས་
ན་ཁག་འགན་སུ་ཞིག་གིས་འཁུར་དགོས།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 11ཚེས་14ཉིན། 10:23】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གྱོད་གཞི།
ཞའོ་ཀྲའོ་དང་ཞའོ་ལི་གཉིས་མཉམ་དུ་ཁྲོམ་དུ་སོང་།གློ་བུར་དུ་རླུང་ཆེན་ལྡང་ཞིང་སྲང་ལམ་གྱི་མི་ཚང་མས་རླུང་གཡོལ་ས་འཚོལ་བ་རེད།ཞའོ་ཀྲའོ་ཡིས་ཞའོ་ལི་ཁྲིད་དེ་ཚོང་གྲོང་ཞིག་གི་སྒོ་ཁར་སོང་།ཚོང་གྲོང་དེའི་སྒོ་ཁར་མ་སླེབས་པར།རླུང་ཆེན་ཞིག་གིས་ཚོང་གྲོང་གིས་དེའི་སྒོའི་ཐོག་བཀལ་བའི་བརྡ་ཁྱབ་བྱང་བུ་དེ་མར་གཡུག་པའི་རླང་ཕྱོགས་དང་བསྟུན་ཞའོ་ཀྲའོ་དང་ཞའོ་ལི་ལ་ཕོག་པ་རེད།ཞའོ་ཀྲའོ་དེ་ལས་གཡོལ་མ་ཐུབ་ནས་རྨས་བཟོས།ཚོང་གྲོང་དེའི་འགན་འཁུར་བས་དོན་དག་འདིར་ཁག་འགན་འཁུར་དགོས་སམ།
གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད།
ཁག་འགན་འཁུར་དགོས། དམངས་དོན་ཁྲིམས་གཞུང་གི་དོན་ཚན་ཆིག་སྟོང་ཉིས་བརྒྱ་ང་གསུམ་པའི་གཏན་འབེབས་བྱས་དོན །ཁང་པ་དང་། བཟོ་བཀོད་དངོས་པོའམ་ཡང་ན་སྒྲིག་བཀོད་གཞན་དག་དང་། དེའི་བསྒྲིགས་དངོས་དང་། བཀལ་བའི་དངོས་པོ་ལྷུང་བའམ་ལྷུངས་ནས་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན། བདག་པོ་དང་། དོ་དམ་པའམ་ཡང་ན་བེད་སྤྱོད་བྱེད་མཁན་གྱིས་རང་ཉིད་ལ་ནོར་འཁྲུལ་མེད་པའི་ར་སྤྲོད་བྱེད་མི་ཐུབ་ན་དབང་གནོད་ཁག་འགན་འཁུར་དགོས། བདག་པོ་དང་དོ་དམ་པའམ་བེད་སྤྱོད་བྱེད་མཁན་གྱིས་སྐྱིན་ཚབ་འཇལ་རྗེས་ཁག་འགན་ཡོད་མཁན་གཞན་དག་ཡོད་ན་ཁག་འགན་ཡོད་མཁན་གཞན་དག་ལ་སྐྱིན་ཚབ་བདའ་འདེད་བཏང་ཆོག