འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འབྲོག་པ་ཚོས་ནོར་ལུག་ཁྲི་ཕྲག་ཁ་ཤས་དེད་དེ་དགུན་འཚེར་ལ་གནས་སྤོ་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་11ཉིན། 17:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།འབྲོག་པ་ཚོས་ནོར་ལུག་ཁྲི་ཕྲག་ཁ་ཤས་དེད་དེ་དགུན་འཚེར་ལ་གནས་སྤོ་བྱས།
     ཟླ་11པར། ཚྭ་འདམ་གཤོང་སར་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་དུ་གྲང་རླུང་རིམ་གྱིས་ལྡང་ཞིང་། འབྲོག་པ་ཚོས་ནོར་ལུག་དེད་དེ་དགུན་དུས་འབྲོག་རར་གནས་སྤོ་བྱས་པས་ཁྱུ་དང་ཁྱུ་བྱས་པའི་ནོར་ལུག་དག་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དེ་ཉིད་མཚོ་བོད་མཐོ་སྒང་གི་དབུས་སུ་གནས་པས་འདྲེ་ཚེར་མ་དང་། ནོར་ལུག་གི་ཤ། ལི་གྲོ་སོགས་ལྗང་མདོག་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕུན་སུམ་ཚོགས་པོ་གསོས་ཡོད། དེའི་ནང་དུར་ལམ་རྫོང་གི་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་4148.2ཟིན་པ་དེ་ནི་མཚོ་སྔོན་ཞིང་ཆེན་འབྲོག་ལས་ཐོན་ཁུངས་རྫོང་ཆེན་གྱི་གྲས་ཤིག་རེད། 
【1】  【2】
༄༅།།འབྲོག་པ་ཚོས་ནོར་ལུག་ཁྲི་ཕྲག་ཁ་ཤས་དེད་དེ་དགུན་འཚེར་ལ་གནས་སྤོ་བྱས།