འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་གཅིག་གྱུར་གྱིས་ཚོང་ཟོག་རྫུན་མ་ཏུན་སྟོང་3རྩ་མེད་བཏང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་11ཉིན། 17:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རྒྱལ་ཡོངས་གཅིག་གྱུར་གྱིས་ཚོང་ཟོག་རྫུན་མ་ཏུན་སྟོང་3རྩ་མེད་བཏང་།
     ཉེ་ཆར། རྒྱལ་ཡོངས་ཀྱི་དབང་ཆར་བཙན་གནོད་དང་རྫུན་མར་རྡུང་རྡེག་གཏོང་བའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གིས་2022ལོའི་རྒྱལ་ཡོངས་ཀྱི་དབང་ཆར་བཙན་གནོད་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་གཅིག་གྱུར་ཐོག་མེད་པར་བཟོ་བའི་བྱ་སྤྱོད་སྤེལ་བ་རེད། ཚོགས་ར་གཙོ་བོ་སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་དུ་བཙུགས་པ་དང་། པེ་ཅིང་དང་། ཧོ་པེ། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཅང་ཞི། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཀོང་ཏུང་། ཀོང་ཞི། ཧྲའན་ཞི། ཀན་སུའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)17ལ་ཡན་ལག་ཚོགས་ར་བཙུགས་ནས། ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་གཉིས་ཀར་དུས་གཅིག་ཏུ་ཚོང་ཟོག་མེད་པར་བཟོས་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། མེད་པར་བཟོ་བའི་བྱ་སྤྱོད་ནི་2022ལོའི་ཀྲུང་གོའི་དྲང་གཞག་འགྲན་རྩོད་སྲིད་ཇུས་དྲིལ་བསྒྲགས་གཟའ་འཁོར་གྱི་ལེ་ལག་ཚང་བའི་བྱེད་སྒོ་གལ་ཆེན་ཞིག་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཚོང་ཟོག་གི་ཁོངས་སུ་རྫུན་ལྷད་ཞན་གསུམ་གྱི་བཟའ་བཅའ་དང་སྨན་རྫས་དང་། གྱོན་ཆས་དང་ལྷམ་ཞྭ། དུ་ཆང་། པར་དབང་རྐུ་སྤྱོད་ཀྱི་ཁྲིམས་འགལ་དཔེ་སྐྲུན་དངོས་པོ་སོགས་རིགས་ཆེ་གྲས་30ལྷག་ཙམ་གྱི་སྣ་ཁ་100ལྷག་ཙམ་མེད་པར་བཟོས་པ་དང་། ལྗིད་ཚད་ཏུན་3000ལྷག་ཙམ་ཟིན་པ། དངོས་ཟོག་གི་རིན་ཐང་སྒོར་དུང་ཕྱུར་5ཟིན་ཡོད་པ་རེད། གནོད་མེད་ཅན་གྱི་ཐག་གཅོད་རྩ་དོན་མཐའ་འཁྱོངས་བྱས་ནས་བཤིག་པ་དང་། སྐོང་འགེབས། མེར་བསྲེགས་སོགས་ཀྱི་བྱ་ཐབས་སྤྱད་དེ་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་གཏན་འབེབས་དང་མཐུན་ཡོད་པ་རེད།
【1】  【2】
༄༅།།རྒྱལ་ཡོངས་གཅིག་གྱུར་གྱིས་ཚོང་ཟོག་རྫུན་མ་ཏུན་སྟོང་3རྩ་མེད་བཏང་།