འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རི་སྐྱེས་སྲོག་ཆགས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་འཛོམས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་11ཉིན། 17:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རི་སྐྱེས་སྲོག་ཆགས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་འཛོམས་པ།
     ཉེ་ཆར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་གླིང་ཁུལ་གྱི་སྣོད་བཅུད་བདག་སྐྱོང་པ་འཇམ་དཔལ་རྒྱ་མཚོས་ཕྱི་ལ་སྐོར་གཡེང་བྱེད་སྐབས། ཤྭ་བ་མཆུ་དཀར་དང་བྱ་རྒོད་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་པར་ལེན་ཐུབ་པ་རེད། ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། རི་སྐྱེས་སྲོག་ཆགས་འཚོ་གནས་ཁོར་ཡུག་དང་སྣོད་བཅུད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཁྱུ་ཚོགས་ཀྱི་གྲངས་འབོར་རིམ་བཞིན་མང་དུ་ཕྱིན་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་དེ་གསོན་ཉམས་དོད་པོས་སྤྱི་དམངས་ཀྱི་སྤྱན་ལམ་དུ་མངོན་ཡོད། འཇམ་དཔལ་རྒྱ་མཚོ་དང་འདྲ་བའི་སྣོད་བཅུད་དོ་དམ་སྲུང་སྐྱོང་པ་རང་འགུལ་ངང་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་ནས། རི་ཀླུང་བརྒལ་ནས་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་དེ་ས་གནས་དེ་གའི་སྣོད་བཅུད་སྲུང་སྐྱོང་གི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
【1】  【2】  【3】
༄༅།།རི་སྐྱེས་སྲོག་ཆགས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་འཛོམས་པ།