འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གསའ་ཞིག་ལུག་རའི་ནང་དུ་འཛུལ་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་11ཉིན། 16:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གསའ་ཞིག་ལུག་རའི་ནང་དུ་འཛུལ་བ།
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་མངའ་རིས་ས་ཁུལ་དགུན་ས་ཤང་གི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་གསའ་ཞིག་ལུག་རའི་ནང་འཛུལ་ནས་ལུག་5རྨུགས་ནས་བསད་ཅིང་། འབྲོས་མ་ཐུབ་པར་ལུག་རའི་ནང་དུ་ལུས།
   མང་ཚོགས་ཀྱི་སྙན་ཞུ་འབྱོར་རྗེས་དགུན་ས་ཤང་སྲིད་གཞུང་དང་མཁར་གྲོང་གསར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་མི་སྣ་འཕྲལ་དུ་ཡུལ་དངོས་སུ་ཕྱིན་ནས། ཡུལ་དངོས་སུ་མི་ལ་རྨས་སྐྱོན་བཟོས་མེད་པའི་གནས་ཚུལ་གཏན་འཁེལ་བྱས་རྗེས། མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཐེབས་ཚུལ་ཞིབ་བཤེར་བྱས་ཤིང་། མང་ཚོགས་ལ་འགན་བཅོལ་ཀུང་སི་དང་འབྲེལ་གཏུག་བྱེད་རོགས་བྱས་པ་དང་གྱོང་གུན་ཕོག་པར་སྐྱིན་ཚབ་སྤྲད་པ་རེད།
   གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་མི་སྣ་ཀྲེང་ཏེན་ཀྲེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གསའ་དེས་ལྟོ་འགྲེངས་རྗེས་སྔར་བཞིན་ལུག་རའི་ནང་དུ་བསྡད་པ་དང་། གསའ་ཡིས་མི་མཐོང་པའི་སྐབས་ལུས་ཟུང་ཉམས་པའི་ཚུལ་བསྟན་པ་རེད། དེ་ནས་ལས་དོན་མི་སྣས་རྨས་སྐྱོན་ཡོད་མེད་བརྟག་རྗེས་གློད་གྲོལ་བཏང་བ་རེད།
༄༅།།གསའ་ཞིག་ལུག་རའི་ནང་དུ་འཛུལ་བ།