འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁ་བསླུས་རྒྱག་མཁན་7594འཛིན་བཟུང་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་10ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་9ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒན་གསོའི་ཁ་བསླུས་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རིང་། རྒན་གསོའི་ཁ་བསླུས་རྒྱག་མཁན་གྱི་ཉེས་གསོག་པ་7594འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། མི་8516ལ་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་ཡོད་པ་རེད།  
     ཚེས་9ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“རྒན་གསོའི་ཁ་བསླུས་རྒྱག་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒན་གསོའི་ཁ་བསླུས་རྒྱག་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཚུལ་བརྡ་ཁྱབ་བཏང་སྟེ། ཁག་གཉིས་པའི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒན་གསོའི་ཁ་བསླུས་རྒྱག་པའི་ཉེས་གསོག་བྱ་སྤྱོད་ལ་ཆད་གཅོད་བྱེད་པའི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས་པ་རེད།
     བསྡོམས་རྩིས་བྱས་པར་གཞིགས་ན། ཞིབ་དཔྱོད་ལས་ཁུངས་ཀྱིས་གཞུང་ཕྱོགས་ནས་ཁྲིམས་སྦྱོར་བྱས་པའི་གྱོད་གཞིའི་ནང་རྒན་གསོའི་ཐོན་ལས་དང་འབྲེལ་བ་ཡོད་པའི་མི་1292དང་། “རྒན་གསོའི་ཞབས་ཞུ”ཞེས་པ་འདོན་སྤྲོད་བྱེད་མཁན་561 “རྒན་གསོའི་ལས་གཞི”ཞེས་པར་མ་དངུལ་འཇོག་མཁན་470 “རྒན་གསོའི་ཐོན་རྫས”ཞེས་པ་འཚོང་མཁན་423 “སྡོད་ཁང་གིས་རྒན་གསོ་བྱེད་པ”ཞེས་པ་མི་69 “རྒན་གསོའི་འགན་བཅོལ”ཞེས་པ་ཚབ་སྒྲུབ་བྱེད་མཁན་126 “རྒན་གསོའི་རོགས་སྐྱོར”ཞེས་པ་སྤེལ་མཁན་29བཅས་ཡོད། 
     ཞིབ་དཔྱོད་ཀྱི་གྱོད་ཞིབ་གནས་ཚུལ་ནས་བལྟས་ན། རྒན་གསོའི་ཁ་བསླུས་རྒྱག་པའི་ཉེས་གསོག་དེ་གཙོ་བོ་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་དང་། ཁ་བསླུས་རྒྱག་པ། སྤུས་ཞན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པ་སོགས་ཀྱི་ཉེས་གསོག་ནང་གཅིག་སྡུད་བྱས་ཡོད། རྒན་གསོའི་ཁ་བསླུས་རྒྱག་པའི་ཉེས་གསོག་བྱེད་ཐབས་ལ་འགྱུར་ལྡོག་ཁྲི་སྟོང་མང་པོ་བྱུང་ཡང་། འོན་ཀྱང་ངོ་བོའི་ཐོག་ནས་བརྗོད་ན་རྒན་རྒོན་གྱི་ཁྱད་ཆོས་དང་དགོས་མཁོར་གཞིགས་ནས་གཡོ་སྒྱུ་ཇུས་འགོད་བྱས་པ་ཞིག་རེད། རྒན་གསོ་ཁ་བསླུས་རྒྱག་པའི་ཁྱད་ཆོས་གཙོ་བོར་དམིགས་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་རང་ངོས་ཀྱི་ཁ་བསླུས་རྒྱག་པར་ངོ་རྒོལ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཡག་པོ་བྱ་དགོས། ནང་མིའི་བར་གྱི་སྤེལ་རེས་དང་འབྲེལ་གཏུག་ལ་སྣང་ཆེན་བྱེད་པ། གྲོགས་ཚོམས་དང་འབྲེལ་གཏུག་ཚོགས་པའི་ནང་ཆ་འཕྲིན་བྲིན་ཚོང་བྱེད་པར་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པའི་དྲན་སྐུལ་བྱས་པ་རེད། 
     ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒན་གསོའི་ཁ་བསླུས་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་པ་དང་། རྒན་གསོའི་ཁྱབ་ཁོངས་ཀྱི་བཅོས་སྒྲིག་ཚད་ལྡན་ལ་སྔར་ལས་མཐུན་སྦྱོར་སྐུལ་འདེད་གཏོང་བ། རྒན་གསོའི་ཁ་བསླུས་ལ་དོགས་ཟོན་བྱེད་པའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་བ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཁ་བསླུས་རྒྱག་པར་ངོ་རྒོལ་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་མཉམ་དུ་བསྐྲུན་རྒྱུ་རེད།