འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞིང་ལས་དང་འབྲོག་ལས་ཐད་ཁ་གསབ་སྒོར་དུང་ཕྱུར་2115སྤྲད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་10ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཀྲུང་དབྱང་ནོར་སྲིད་ཀྱིས་2023ལོའི་ཞིང་ལས་ཀྱི་འབྲེལ་ཡོད་ཐད་སྒོར་དུང་ཕྱུར་2115སྔ་སྣུར་དུ་གཤམ་སྤྲོད་བྱས་ནས། རྒྱལ་ཁབ་ཀྱི་འབྲུས་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་རྫས་བརྟན་ལྷིང་དང་མཁོ་འདོན་འགན་ལེན་བྱས་ཏེ། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་ཀྱི་འབྲེལ་ཡོད་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར་2115ཟིན་པའི་ནང་། ཕྱོགས་བཞིའི་གཙོ་གནད་དངུལ་འཇོག་ཚུད་ཡོད་པ་རེད།
     ཐོག་མར་ཞིང་པའི་འབྲུ་འདེབས་ཧུར་སེམས་སྐུལ་སློང་བྱེད་པར་སྤྱོད་པ། ཞིང་པས་སྟོན་དུས་དང་དགུན་དུས་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ། 2023ལོའི་དཔྱིད་རྨོ་གྲ་སྒྲིག་ཡག་པོ་བྱས་ནས་ཞིང་པའི་འབྲུ་འདེབས་ཡོང་འབབ་འགན་ལེན་བྱ་ཆེད། ད་ཐེངས་སྔོན་ལ་རྨོ་ཞིང་གི་ས་རྒྱུའི་སྲུང་སྐྱོང་ཁ་གསབ་དེ་2022ལོའི་ལག་བསྟར་གྲངས་འབོར་སྒོར་དུང་ཕྱུར་1205ལྟར་ཚང་མ་གཤམ་སྤྲོད་བྱས་པ་རེད། ཕྱུགས་ལས་གསོ་སྤེལ་ར་བར་སྤྱད་པའི་རྨོ་ཞིང་དང་ནགས་ས་སོགས་སྤྱོད་སྒོ་བསྒྱུར་ཟིན་པའི་རྨོ་ཞིང་ལ་བསྐྱར་དུ་ཁ་གསབ་བྱས་མི་ཆོག་པ་དང་། ས་རྒོད་ལོ་གཅིག་ཡན་སྐྱུར་རིགས་ལ་ལོ་རྗེས་མའི་ཁ་གསབ་ཐོབ་ཐང་མེད་པར་བཟོ་རྒྱུ་རེད། 
     གཉིས་ནས“འབྲུ་རིགས་ཞིང་ལ་བརྟེན་པ་དང་འབྲུ་རིགས་རྩལ་ལ་བརྟེན་པའི”འཐབ་ཇུས་དོན་འཁྱོལ་བྱ་ཆེད། སྒོར་དུང་ཕྱུར་2000ལྷག་ཙམ་གྱི་གཏོང་སྤྲོད་མ་དངུལ་ཁྲོད་ད་དུང་སྔོན་ལ་ས་ཞིང་འཛུགས་སྐྲུན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་346གཤམ་སྤྲོད་བྱས་ནས། ས་གནས་ཁག་གིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་གཞི་སྔ་སྣུར་དུ་ཇུས་འགོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཚུད་ཡོད། དེ་དང་ཆབས་ཅིག ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བཀོལ་སྤྱོད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་155སྔ་སྣུར་དུ་གཤམ་སྤྲོད་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་དང་འབྲེལ་བ་ཡོད་པའི་ཞིང་ལས་འཕྲུལ་ཆས་ལ་གཙོར་བྱས་ནས་རྒྱབ་སྐྱོར་དང་འགན་ལེན་བྱ་རྒྱུ་རེད།
     གཞན་ཡང་། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མ་དངུལ་ཁྲོད་ད་དུང་ཞིང་ལས་ཐོན་ཁུངས་དང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་314སྔ་སྣུར་དུ་གཤམ་སྤྲོད་བྱས་ནས། ཞིང་ལས་ཀྱི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་སྤྱོད་རྒྱུ་རེད།
     ཞིང་ལས་ཕུད་འབྲོག་ལས་དང་ཉ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། ད་ཐེངས་ད་དུང་སྲོག་ཆགས་ཀྱི་རིམས་འགོག་སོགས་ཀྱི་ཁ་གསབ་གྲོན་དངུལ་དང་། ཉ་ལས་འཕེལ་རྒྱས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་105སྔ་སྣུར་དུ་གཤམ་སྤྲོད་བྱས་ནས། གཙོ་བོ་བཙན་ཤེད་ངང་འགོག་ཁབ་རྒྱག་པ་དང་དེང་རབས་ཉ་ལས་སྒྲིག་ཆས་སྒྲིག་བཀོད་སོགས་ཐད་སྤྱད་དེ། འབྲོག་ལས་དང་ཉ་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཤ་རིགས་དང་། སྒོ་ང་། འོ་མ། ཆུ་ཐོན་ཐོན་རྫས་བཅས་ཀྱི་མཁོ་འདོན་འགན་ལེན་ཆུ་ཚད་མཐོ་རུ་བཏང་བ་རེད།