༄༅།།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་
ཀན་སུའུ་རུ་སྒྲོག་འགྲེལ་བྱས་པ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 11ཚེས་10ཉིན། 09:28】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་སྔ་དྲོ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ལའེ་མིང་གིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། ཀན་སུའུ་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་མི་ཁྲི་1ལྷག་ཙམ་སྙན་ཞུའི་ཚོགས་འདུར་ཞུགས་ཡོད་པ་རེད།
སྙན་ཞུའི་ཚོགས་འདུའི་ཐོག ཀྲང་ལའེ་མིང་གིས“‘གཏན་འཁེལ་གཉིས’མཐའ་འཁྱོངས་བྱས་ནས‘སྲུང་སྐྱོང་གཉིས’ཐུབ་པ་བྱས་ཏེ། རྒྱུགས་འབུལ་གྱི་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས”ཞེས་པ་བརྗོད་གཞིར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་མ་ཡིག་ལ་དམ་པོར་དམིགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་རྒྱས་བཤད་གཏིང་ཟབ་བྱས་ཡོད། འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་གཏོད་རྒྱུར་ངོས་འཛིན་གཏིང་ཟབ་བྱེད་པ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་དང་འགན་འཁྲིར་ངོས་འཛིན་གཏིང་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པར་ངོས་འཛིན་གཏིང་ཟབ་བྱེད་པ་སོགས་ལ་དམིགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སྒྲོག་འགྲེལ་བྱས་པ་རེད།
