འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ས་ཆ་འདི་ནས་ད་བར་ལོ་6000ལྷག་ཙམ་གོང་གི་གནའ་ཤུལ་ཞིག་རྙེད་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་08ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ས་ཆ་འདི་ནས་ད་བར་ལོ་6000ལྷག་ཙམ་གོང་གི་གནའ་ཤུལ་ཞིག་རྙེད་འདུག
   མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། གནའ་རྫས་རྟོག་ཞིབ་མི་སྣས་ཁྲ་ཧར་གཡས་རུ་ནས་རྡོ་ཆས་གསར་པའི་དུས་ཀྱི་གནའ་ཤུལ་ཞིག་རྙེད་ཅིང་། རིགས་གཅིག་མཁས་ཅན་གྱིས་གནའ་ཤུལ་དེ་ནི་ད་བར་ལོ་6000ལྷག་ཙམ་གོང་གི་དབྱང་ཧྲའོ་རིག་གནས་མིའོ་ཏི་ལུང་པའི་རིགས་ཀྱི་རྡོ་ཆས་གསར་པའི་དུས་ཀྱི་རྗེས་ཤུལ་ཡིན་པ་ཐོག་མའི་ངོས་འཛིན་བྱས་པ་རེད། འདི་ནི་ས་ཁུལ་དེ་ནས་ཐེངས་གཉིས་པར་རྡོ་ཆས་གསར་པའི་དུས་རབས་ཀྱི་རྗེས་ཤུལ་རྙེད་པ་རེད།
   གསར་དུ་རྙེད་པའི་གནའ་ཤུལ་ནི་ཁྲ་ཧར་གཡས་རུའི་ཁུའུ་ལུན་སུམ་ན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་དེ་གའི་འབྲོག་པ་ཚོས་རྩྭ་རྐང་གཅིག་ཀྱང་སྐྱེས་མེད་པའི་ས་སྟོང་དེ་ནས་བཟོ་དབྱིབས་ཁྱད་མཚར་གྱི་རྡོ་ཆས་ཐར་ཐོར་ཪྙེད་པ་རེད།
   དེ་ནས་གནའ་རྫས་རྟོག་ཞིབ་པས་གནས་དེར་བརྟག་དཔྱད་བྱས། གནའ་ཤུལ་དེའི་ས་ངོས་སུ་རྡོ་ལེབ་དང་རྡོ་གྲི་སོགས་རྡོ་ཆས་འབོར་ཆེན་ཡོད་པ་དང་། རྡོ་ཆས་ལ་ལའི་བཟོ་ལྟ་ཅུང་ཆ་ཚང་བ་མ་ཟད། ད་དུང་འགྲོན་བུའི་རིགས་དང་རྫ་ཆས་ཀྱི་ཆག་དུམ་ཡང་ཡོད་པ་ཤེས་རྟོགས་བྱུང་བ་རེད། རིགས་གཅིག་མཁས་ཅན་གྱིས་གནའ་ཤུལ་དེ་ནི་དབྱང་ཧྲའོ་རིག་གནས་མིའོ་ཏི་ལུང་པའི་རིགས་ཀྱི་རྡོ་ཆས་གསར་པའི་དུས་ཀྱི་རྗེས་ཤུལ་ཡིན་པ་ཐོག་མའི་ངོས་འཛིན་བྱས་པ་རེད།
༄༅།།ས་ཆ་འདི་ནས་ད་བར་ལོ་6000ལྷག་ཙམ་གོང་གི་གནའ་ཤུལ་ཞིག་རྙེད་འདུག