༄༅།།སྨན་རྫས་འདི་དག་དྲ་ཐོག་ནས་བྲིན་ཚོང་བྱེད་པ་གཏན་འགོག་བྱེད་སྲིད།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 11ཚེས་07ཉིན། 14:57】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། སྨན་རྫས་ཀྱི་དྲ་རྒྱའི་བྲིན་ཚོང་ལྟ་སྐུལ་དོ་དམ་གྱི་འབྲེལ་ཡོད་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་ནས། སྨན་རྫས་ཀྱི་དྲ་རྒྱའི་བྲིན་ཚོང་ཁྱབ་ཁོངས་ཁ་གསལ་བཟོ་ཆེད། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས《སྨན་རྫས་ཀྱི་དྲ་རྒྱའི་བྲིན་ཚོང་བཀག་སྡོམ་གསལ་ཐོའི(བསམ་འཆར་བསྡུ་ལེན་མ་ཟིན)》(གཤམ་དུ《བསམ་འཆར་བསྡུ་ལེན་མ་ཟིན》ཞེས་བསྡུ་རྒྱུ)འཆར་ཟིན་བཀོད་ནས། ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད།
《བསམ་འཆར་བསྡུ་ལེན་མ་ཟིན》གཞིར་བཟུང་། སྲིད་ཇུས་དང་ཁྲིམས་སྲོལ་ནང་བྲིན་ཚོང་གཏན་འགོག་བྱེད་པའི་སྨན་གྱི་གྲས་སུ་རིམས་འགོག་སྨན་ཁབ་དང་། ཁྲག་གྲུབ་སྨན་རྫས། སྦྲིད་སྨན། སེམས་ཁམས་བཅོས་བྱེད་སྨན་རྫས། སྨན་བཅོས་ཐད་སྤྱོད་པའི་དུག་ཤེད་རང་བཞིན་གྱི་སྨན་རྫས། འཕྲོ་བའི་རང་བཞིན་གྱི་སྨན་རྫས། སྨན་རྫས་རིགས་ཀྱི་དུག་རྫས་བཟོ་སླ་བའི་རྫས་འགྱུར་དངོས་རྫས་དང་། སྨན་བཅོས་སྒྲིག་གཞིའི་སྨན་རྫས། ཀྲུང་ལུགས་སྨན་རྫས་སྡེབ་སྦྱོར་རིལ་བུ་བཅས་ཚུད་ཡོད་པ་རེད།
དྲ་ཐོག་ནས་སིལ་འཚོང་བྱས་མི་ཆོག་པའི་སྨན་རྫས་གཞན་དག་ནང་གཤམ་གྱི་འདི་དག་ཚུད་པ་སྟེ།
(གཅིག)སྨན་ཁབ་རྒྱག་པ།(མངར་ཆག་རིགས་ཀྱི་སྨན་རྫས་ཕུད།)
(གཉིས།)མཚེ་ལྡུམ་བུལ་རིགས་ཀྱི་མང་སྦྱོར་སྡེབ་བཟོས་སྨན་རྫས།(མཚེ་ལྡུམ་འདྲེས་པའི་ཀྲུང་ལུགས་བཟོས་སྨན་མི་འདུས། གཤམ་དང་མཚུངས།) 《ཁོ་དེ་དབྱིན་མང་སྦྱོརཁ་འཐུང་གཤེར་སྨན་དང་། མང་སྦྱོར་ཤིང་མངར་རིལ་བུ་དང་མང་སྦྱོར་དི་ཧྥིན་ནའོ་ཀྲི་རིལ་བུ་ཉོ་ཚོང་དོ་དམ་ལ་སྔར་ལས་ཤུགས་རྒྱག་དགོས་པའི་སྐོར་གྱི་བརྡ་ཐོ》(སྨན་རྫས་ལྟ་སྐུལ་དོ་དམ་གཞུང་ལས་ཁང་གི་སྨན་རྫས་ལྟ་སྐུལ་དོ་དམ(2013)ཨང་33པ།)《ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་གཞུང་ལས་ཐིང་གི་སྦྲིད་སྨན་དང་ཆུ་མ་ཏོ་ཁ་འཐུང་གཤེར་སྨན་ཉོ་ཚོང་དོ་དམ་ལ་སྔར་ལས་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བརྡ་ཐོ》(སྨན་རྫས་ལྟ་སྐུལ་དོ་དམ་གཞུང་ལས་ཁང་གི་སྨན་རྫས་ལྟ་སྐུལ་དོ་དམ(2014)ཨང་111པ།)ནང་བཀོད་པའི་སྨན་རྫས་རིགས་དང་དེ་བཞིན་ཡུའུ་མེ་ཧྲ་ཧྥིན་བཅས་ཡིན།
(གསུམ)《ངར་སྐྱེད་སྨན་རྫས་དཀར་ཆག》ནང་བཀོད་པའི་སྤྲི་དཀར་མཐུན་སྒྱུར་སྨན་དང་ཐིད་རིགས་སྐུལ་རྩི(ཤན་གླིང་རྒྱུ་ཕུད)
(བཞི)སྨན་འཐུང་ན་ཉེན་ཁ་ཅུང་ཆེ་བའི་རིགས་ཀྱི་སྨན་ཁ་ཤས་ཚུད་ཡོད།
