འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ད་བར་ལོ་700ལྷག་འགོར་བའི་བྱིང་གྲུའི་ནང་ནོར་བུ་འདི་དག་རྙེད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་03ཉིན། 16:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ད་བར་ལོ་700ལྷག་འགོར་བའི་བྱིང་གྲུའི་ནང་ནོར་བུ་འདི་དག་རྙེད།
     ཧྥུའུ་ཅན་ཀྲང་ཀྲོའུ་ཧྲེང་པེ་དབྱི་དུ་ད་བར་ལོ་ངོ་700ལྷག་ཙམ་འགོར་བའི་ཡོན་རྒྱལ་རབས་ཀྱི་བྱིང་གྲུའི་མཚོ་འོག་གནའ་རྫས་རྟོག་ཞིབ་ལས་དོན་སྤེལ་བཞིན་ཡོད། མིག་སྔར་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། བྱིང་གྲུའི་ནང་གི་སྐྱེལ་འདྲེན་དངོས་ཟོག་གཙོ་བོ་དཀར་ཡོལ་དང་། སྡེར་མ། ལག་པ་འཁྲུད་གཞོང་། ཐེབ་ཙེ། ཆང་ཕོར་ཡུ་རིང་སོགས་ཡོད་པ་དང་། མིག་སྔར་ཆུ་ནང་ནས་བཏོན་པའི་རྫ་ཆས་300ལྷག་ཙམ་ཀྲང་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་དང་། སྤུས་ཀ་ཅུང་དག་པ་ནི་ཉ་རིས་ལག་པ་འཁྲུད་གཞོང་དང་། ཐིག་རིས་ཆང་ཕོར་ཡུ་རིང་། དཀར་སྡེར་འབྲུག་རིས་མ་སོགས་ཡོད་པ་རེད། ཆེད་མཁས་པས་གསལ་འབྱེད་བྱས་པ་ལྟར་ན། འདི་དག་ཚང་མ་ནི་ཡོན་རྒྱལ་རབས་ཀྱི་དུས་སྨད་ཀྱི་ཕྱིར་འཚོང་རྫ་ཆས་ཡིན་པ་དང་། དེ་ལས་སྐབས་དེའི་རང་རྒྱལ་གྱི་མཚོ་ཐོག་ཉོ་ཚོང་དར་རྒྱས་ཆེན་པོ་བྱུང་བ་ཤེས་ཐུབ། 
༄༅།།ད་བར་ལོ་700ལྷག་འགོར་བའི་བྱིང་གྲུའི་ནང་ནོར་བུ་འདི་དག་རྙེད།