འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གསར་པ་ཐོན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་03ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གསར་པ་ཐོན།
    མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་ནས་གནའ་རྫས་རྟོག་ཞིབ་ལས་དོན་མི་སྣས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ“ཧྲང་ཀུའོ་གྲོང་གནས་དང་ཆིའུ་ཅ་ཀྲོང་གི་བང་སོའི་ཚོགས་”ནས། ཁྲུན་ཆིའུ་དུས་མཇུག་གི་ཁྱོ་ཤུག་ཁུང་མི་འདྲ་བ་བང་སོ་གཅིག་ལ་དུར་སྦས་བྱས་པ་གཉིས་རྙེད་པ་དེས་ཅིན་གྱི་རིག་གནས་ཞིབ་འཇུག་ལ་སླར་ཡར་བདེན་དཔང་གསར་པ་བསྣན་ཡོད་བརྗོད། 
   2021ལོར། ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཡུན་ཁྲེང་གྲོང་ཁྱེར་དང་ཝུན་ཞི་རྫོང་རིག་དངོས་སྡེ་ཁག་དང་མཉམ་འབྲེལ་ཐོག ཧྲང་ཀུའོ་གྲོང་གནས་བྱང་རིའི་བྱང་ངོས་ཀྱི་སྨི་70ཡི་ཁྱབ་ཁོངས་སུ་བང་སོ་8ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བ་དང་། མིག་སྔར་ཚང་མ་སྔོག་འདོན་བྱས་པ་རེད།
    དེའི་ནང་བང་སོ་འབྲིང་བ་གཉིས་ནི་དོང་ཕུག་གྱེན་དུ་ཡོད་པའི་བང་སོ་ཡིན་པ་དང་། ངོས་ནི་གྲུ་བཞི་ནར་དབྱིབས་ཡིན་པ་དང་། པུར་འཇུག་ཡོ་བྱད་ཚང་མ་བང་སོ་གཅིག་ལ་སྒམ་གཅིག་ཅན་ཡིན། སྐྱེས་པའི་བང་སོ་ནས་ཐོན་པའི་དུར་རྫས་ངོ་གྲངས་36དང་། བུད་མེད་ཀྱི་བང་སོ་ནས་ཐོན་པའི་དུར་རྫས་ངོ་གྲངས་10ཡོད་ཅིང་། རིགས་ལ་ཟངས་ཀྱི་ཡོ་བྱད་དང་། རྫ་ཆས། གཡང་ཊིའི་བཟོ་ཆས། རྡོ་ཆས་སོགས་ཡོད། བང་སོ་གཉིས་ཀྱི་ནང་དུ་ཟངས་ཀྱི་ཡོ་བྱད་སྡེབ་སྒྲིག་ཚང་མ་ནི་ཁྲོ་རྐང་གསུམ་མ་དང་། བརྐོས་སྡེར།  སྡེར་མ།  གྲུ། གཞོང་བ་བཅས་རེ་རེ་ཡོད།