མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ“མཛའ་
གྲོགས་བྱས་རྗེས་གཟེངས་རྟགས”གནང་བ་དང་འབྲེལ་མཛད་སྒོ་གཟབ་རྒྱས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་02ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་10ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”གནང་བ་དང་འབྲེལ་མཛད་སྒོ་གཟབ་རྒྱས་འཚོགས་པ།

ཟླ་10ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”གནང་བ་དང་འབྲེལ་མཛད་སྒོ་གཟབ་རྒྱས་འཚོགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”གནང་བ་དང་འབྲེལ་མཛད་སྒོ་གཟབ་རྒྱས་འཚོགས་པ་རེད།
    བརྗིད་ཉམས་ཆེ་བའི་གསེར་མདོག་ཚོམས་ཆེན་དུ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཤིང་། རྒྱབ་ལྗོངས་དམར་པོའི་ཐོག་གི“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཀྱི་རི་མོ་ཧ་ཅང་མངོན་གསལ་དོད། རྒྱབ་ལྗོངས་མདུན་དུ་ཀྲུང་གོ་གུང་ཁྲན་ཏང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཏང་དར་དང་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གྲལ་སྟར་འགྲིག་པོར་བསྒྲིགས་ཡོད།
    མཛད་སྒོ་འགོ་ཚུགས་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་གི་གུས་དམག་གོམ་སྟབས་འགྲིག་པོས་ཚོགས་རར་འཛུལ་བ་དང་བྱས་རྗེས་གཟེངས་རྟགས་སྤྲོད་པའི་སྡིངས་ཆའི་ཐོག་འཛེགས་ནས་གཞོགས་གཉིས་སུ་རུ་སྟར་བསྒྲིགས།
    གུས་ལུགས་རོལ་མོ་དཀྲོལ་བ་དང་སྦྲགས། ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་ལྷན་དུ་ཚོམས་ཆེན་དུ་ཕེབས་ཤིང་། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་སྐུ་མགྲོན་ཚང་མ་ཡར་བཞེངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།
    ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་གཟེངས་རྟགས་གནང་བའི་སྡིངས་ཆའི་ཐོག་ཕེབས་གནང་།
   དམག་མིའི་རོལ་ཆ་ཚོགས་པས་ཝེ་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཝང་དབྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་གཟེངས་རྟགས་གནང་བའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་རེད།
   གུས་དམག་གིས“མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ཚོགས་རར་སྲུང་སྐྱེལ་བྱས།
   གུས་ལུགས་དུང་བརྡ་བཏང་བ་དང་སྦྲགས། ཞི་ཅིན་ཕིང་གིས་རོན་ཧྥུའུ་ཀྲུང་ལ་བྱས་རྗེས་གཟེངས་རྟགས་གནང་བ་དང་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས།
   ཞི་ཅིན་ཕིང་གིས་གསུང་བཤད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ནི་བློ་བརྟན་འགྱུར་མེད་ཀྱི་མར་ཁེ་སི་རིང་ལུགས་པ་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་གི་མཛའ་གྲོགས་བློ་མཐུན་དང་གྲོགས་པོ་བློས་ཐུབ་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་ཚད་མཐོའི་མཐོང་ཆེན་དང་སྐུ་ངོ་མའི་སྐུལ་འདེད་འོག་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་བརྟན་དུ་ཕྱིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཚད་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། “མཛའ་གྲོགས་བྱས་རྗེས་གཟེངས་རྟགས”ལས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཝེ་ཐེ་ནམ་གྱི་མི་དམངས་ལ་བཅངས་པའི་མཛའ་གྲོཌ་དང་ཀྲུང་ཝེའི“བློ་མཐུན་དང་སྤུན་ཟླའི”མཛའ་གྲོགས་ཟབ་མོ་མཚོན་པ་མ་ཟད། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དོན་གཉེར་བྱེད་པའི་རེ་བ་ཟབ་མོའང་འདུས་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་ཝེ་རྒྱལ་ཁབ་གཉིས་པོ་རི་ཆུས་འབྲེལ་བ་དང་མཆུ་སོ་བརྟེན་རེས་ལྟར་གཅིག་ལ་གཅིག་བརྟེན་གྱི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་དང་། བློ་སེམས་གཅིག་མཐུན་དང་བདེ་སྡུག་མཉམ་མྱོང་གི་བློ་མཐུན་བཟང་པོ་དང་རོགས་ཟླ་བཟང་པོ། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་གཞོལ་མཁན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཅས་རེད། རྒྱལ་ཁབ་གཉིས་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུར་ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་གཙོས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་དང་མཉམ་དུ་མའོ་ཙེ་ཏུང་དང་ཧུའུ་ཀྲི་མིང་སོགས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པ་སྐུ་ངོ་མས་གསར་གཏོད་དང་སྐྱེད་སྲིང་ཞིབ་ཚགས་གནང་བའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་ཡག་པོ་བྱས་ནས། ཐུན་མོང་ཐོག་ཀྲུང་ཝེའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཐོབ་རྒྱུར་ཁྲིད་སྟོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།