༄༅།།ཝང་ཏ་ཝེ་འཛིན་བཟུང་བྱས།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 10ཚེས་31ཉིན། 13:44】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། ཞིང་ཆེན་གྱི་འགོ་འཛིན་གཞོན་པ། སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི། ཐིང་ཀྲང་ཝང་ཏ་ཝུའེ་ཡིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་བྱས་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྤྲད་པ་རེད། ཉིན་ཤས་གོང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ཝང་ཏ་ཝུའེ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གྱོད་དོན་འདི་སྒྲུབ་བཞིན་པའི་སྒང་རེད།