༄༅།།ཉིན་100ཡི་རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་དོན་གཉིས་པ། གཉེན་ཐོར་མ་བྱས་གོང་རྒྱུ་ནོར་སྤོ་སྒྱུར་བྱས་ན་ཞུ་གཏུག་བྱེད་ཆོག་གམ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 10ཚེས་28ཉིན། 14:33】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

གྱོད་གཞི།
2017ལོར། ཁྲེན་ཆེ་གེ་མོ་དང་ཧྲའོ་ཆེ་གེ་མོ་གཉིས་གཉེན་ཐོར་བྱས་པ་རེད། 2021ལོར། རྒྱུ་ནོར་བགོ་རྒྱུའི་གནད་དོན་གྱི་དབང་གིས་ཧྲའོ་ཆེ་གོ་མོས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། གཉེན་ཐོར་བྱེད་པའི་ཉིན་དེར་ཁྲེན་ཆེ་གོ་མོས་དངུལ་ཁང་གི་དྲ་ཚིགས་མི་འདྲ་བའི་ཐོག་ནས་བསྡོམས་པས་སྒོར་ཁྲི་33བླངས་པ་དེ་ནི་ཁྲིམས་འགལ་གྱིས་རྒྱུ་ནོར་སྤོ་སྒྱུར་བྱས་པ་ཡིན་པས། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་ལྟར་རྒྱུ་ནོར་ཉུང་ཙམ་བགོ་བའམ་ཡང་ན་རྒྱུ་ནོར་མི་བགོ་བའི་གནས་ཚུལ་དུ་གཏོགས་པས། ཁྲིམས་ཁང་ལ་ཕྱོགས་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་དེ་སྒྲིག་སྲོལ་འདི་ལྟར་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན། ཧྲའོ་ཆེ་གེ་མོའི་རེ་བ་ཁྲིམས་མཐུན་ཡིན་ནམ།
གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད།
ཁྲིམས་མཐུན་རེད། དམངས་དོན་ཁྲིམས་གཞུང་གི་དོན་ཚན་ཆིག་སྟོང་དང་གོ་གཉིས་པའི་ནང་གཏན་འབེབས་བྱས་དོན། ཁྱོ་ཤུག་ཕྱོགས་གཅིག་གིས་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་། གནས་སྤོ། འཚོང་སྒྱུར། གཏོར་བརླག བག་མེད་རྒྱས་སྤྱོད་བཅས་བྱས་པའམ། ཡང་ན་ཁྱོ་ཤུག་ཐུན་མོང་གི་བུན་འགན་རྫུན་བཟོ་བྱས་ནས་ཅིག་ཤོས་ཀྱི་རྒྱུ་ནོར་ཧམ་འཛིན་བྱེད་རྩིས་བྱས་པ་ཡིན་ན། གཉེན་འཐོར་བྱས་ནས་ཁྱོ་ཤུག་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་སྐབས། ཕྱོགས་དེར་རྒྱུ་ནོར་ཉུང་ཙམ་བགོ་བའམ་མ་བགོས་ཀྱང་ཆོག གཉེན་འཐོར་བྱས་རྗེས། ཅིག་ཤོས་ཀྱིས་གོང་སྨོས་ཀྱི་བྱ་སྤྱོད་ཡོད་པ་ཤེས་ན། མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་བསྐྱར་དུ་བགོ་བཤའ་རྒྱག་དགོས་པའི་རེ་འདུན་ཞུས་ཆོག
