འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རང་རྒྱལ་གྱི་མི་མེད་གནམ་གྲུ་ཆེ་གྲས་དེ་འཕུར་སྐྱོད་ལེགས་འགྲུབ་བྱུང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་27ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རང་རྒྱལ་གྱི་མི་མེད་གནམ་གྲུ་ཆེ་གྲས་དེ་འཕུར་སྐྱོད་ལེགས་འགྲུབ་བྱུང་།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་25ཉིན། གསར་འགོད་པས་སི་ཁྲོན་ཐེང་ཏུན་ཁོའོ་ཁྲོང་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀུང་སི་དེས་རང་བརྟེན་ཞིབ་བཟོ་བྱས་ཤིང་ཤེས་བྱའི་བདག་དབང་ཆ་ཚང་ཡོད་པའི་མི་མེད་གནམ་གྲུ་ཆེ་གྲས་(སྒུལ་བྱེད་འཕྲུལ་འཁོར་བཞི་སྒར་བ)ཤིག་སི་ཁྲོན་ཙེ་ཀུང་ཧྥུན་མིང་ཀུན་སྤྱོད་གནམ་ཐང་དུ་འཕུར་སྐྱོད་ཐོག་མ་བྱས་པ་རེད།   
   ཆུ་ཚོད་12དང་སྐར་མ་23ཐོག ཙེ་ཀུང་ཧྥུན་མིང་ཀུན་སྤྱོད་གནམ་ཐང་དུ་ཚབ་རྟགས“སྡིག་སྲིབ་རྔ་ཟུང་D”ཡིན་པའི་མི་མེད་གནམ་གྲུ་ཆེ་གྲས་ཤིག་རང་བརྟེན་ངང་རྒྱུག་ལམ་དུ་བསྐྱོད་པ་མ་ཟད་བདེ་བླག་ངང་འཕུར་སྐྱོད་ཐུབ་ནས། སྐར་མ་18འཕུར་རྗེས་ཆུ་ཚོད་12དང་སྐར་མ་41ཐོག་བརྟན་པོའི་ངང་ཐང་འབབ་ཐུབ་པ་དང་། ལམ་ཐག་ཧྲིལ་པོར་སྐྱོན་གང་ཡང་བྱུང་མེད།
   ད་ཐེངས་ཐེང་ཏུན་ཁོའོ་ཁྲོང་གིས་གོ་ལ་ཧྲིལ་པོའི་མི་མེད་གནམ་གྲུ་ཆེ་གྲས་ཤིག་བསྐྲུན་པ་མ་ཟད་ཐོག་མར་འཕུར་སྐྱོད་བྱས་པ་དེའི་ཐོག་ནས་རང་རྒྱལ་གྱི་ཚོང་སྤྱོད་མི་མེད་གནམ་གྲུ་ཆེ་འབྲིང་ཐོན་ལས་ཆེ་གྲས་འཕེལ་རྒྱས་མྱུར་པོ་བྱུང་བ་མཚོན་ཡོད། 
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་སྡིག་སྲིབ་རྔ་ཟུང་Dབདེ་བླག་ངང་འཕུར་ཐུབ་རྗེས་ལམ་སང་ཀྲུའུ་ཧའེ་རུ་འཁུར་ནས། ཉིན་14ཡི་རྗེས་སུ་གཉེར་བའི་ཀྲུང་གོའི་མཁའ་འགྲུལ་འགྲེམས་སྟོན་སྐབས་བཅུ་བཞི་པར་འགྲེམས་སྟོན་བྱ་རྒྱུ་རེད།   
༄༅།།རང་རྒྱལ་གྱི་མི་མེད་གནམ་གྲུ་ཆེ་གྲས་དེ་འཕུར་སྐྱོད་ལེགས་འགྲུབ་བྱུང་།