འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཙོད་གནས་སྤོ་བའི་རྒྱུ་མཚན་གཅིག་འདི་ཡིན་སྲིད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་26ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གཙོད་གནས་སྤོ་བའི་རྒྱུ་མཚན་གཅིག་འདི་ཡིན་སྲིད།
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་སློབ་ཆེན་ཞིང་ཆེན་དང་པུའུ་ཡིས་མཉམ་འཛུགས་བྱས་པའི་གཙང་གསུམ་ཆུ་འགོའི་སྣོད་བཅུད་དང་ས་མཐོའི་ཞིང་འབྲོག་ལས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚན་ཞིབ་མི་སྣས་ལོ་7རིང་ལྟ་ཞིབ་ཞིབ་འཇུག་བྱས་པ་བརྒྱུད། ལོ་རེར་རི་དྭགས་གཙོད་ཕྱོགས་བཞི་མཚམས་བརྒྱད་ནས་ཨ་ཆེན་གངས་རྒྱབ་ཏུ་གཙོད་ཕྲུག་བཙའ་བར་ཡོང་གི་ཡོད་པའི་རྒྱུ་མཚན་གཅིག་ནི་གཞན་བརྟེན་སྲིན་འབུའི་འགོས་ནད་གཡོལ་ཆེད་ཡིན་པ་ཤེས།
    གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་པ་དང་། དུས་ཡུན་རིང་པོའི་ནང་མཚོ་སྔོན་ཨ་ཆེན་གངས་རྒྱབ་དང་། བྱང་ཐང་། ཞིན་ཅང་ཨར་ཅིན་ཧྲན་སོགས་རང་བྱུང་སྲུང་སྐྱོང་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད། ལོ་རེའི་ཟླ་5པར། མོ་གཙོད་ཁྱུ་དང་ཁྱུ་བྱས་ནས་གཞི་ཁྱོན་ཆེན་པོས་གནས་སྤོས་ཏེ་ཨ་ཆེན་གངས་རྒྱབ་ཏུ་གཙོད་ཕྲུག་བཙའ་བར་ཡོང་གི་ཡོད།  ཟླ་7པ་ནས་8པའི་བར། གཙོད་ཕྲུག་ཁྲིད་ནས་དེ་སྔའི་འཚོ་གནས་ཁུལ་དུ་ཕོ་གཙོད་ཁྱུ་ཚོགས་དང་འཛོམས་པར་ལོག་འགྲོ། ཕར་འགྲོ་ཚུར་འོང་ལ་སྤྱི་ལེ་སུམ་བརྒྱ་བཞི་བརྒྱ་ཙམ་ལ་བསྐྱོད་ཀྱི་ཡོད།
    གཙོད་ཐག་རིང་པོར་གནས་སྤོ་བའི་རྒྱུ་རྐྱེན་ནི་རིག་གཞུང་ལས་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། མཚོ་སྔོན་སློབ་ཆེན་ཞིང་ཆེན་དང་པུའུ་ཡིས་མཉམ་འཛུགས་ཀྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་དང་ས་མཐོའི་ཞིང་འབྲོག་ལས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་ཀྲའོ་ཞིན་ཆོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚན་རིག་མཁས་ཅན་གྱིས་བཟའ་བཅའི་ཆུ་འགོ་དང་། གཞི་རྒྱུ་སྤེལ་རེས། ཤ་གཟན་སྲོག་ཆགས་ལས་གཡོལ་ཐབས། ཁྱུ་ཚོགས་ཀྱི་ལོ་རྒྱུས་དྲན་པ་སོགས་ཚུད་པའི་ལྟ་བ་མང་པོ་བཏོན་མྱོང་ཡོད། འོན་ཀྱང་ཐད་ཀའི་དཔང་རྟགས་ཐོབ་མྱོང་མེད། དེ་ཡང་གཞན་བརྟེན་སྲིན་འབུའི་འགོས་ནད་ལས་གཡོལ་ཐབས་འདི་ནི་རིག་གཞུང་ལས་རིགས་ཀྱིས་རྨིག་ཅན་རི་སྐྱེས་སྲོག་ཆགས་གནས་སྤོ་བར་བྱེད་པའི་རྒྱུ་རྐྱེན་གྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཞིབ་འཇུག་ཚོགས་པས་ཀྱང་དོ་སྣང་བྱ་ཡུལ་དེའི་སྟེང་བསྒྱུར་བ་རེད། 
    “སྐྱེ་འཕེལ་དུས་ཚིགས་གཉིས་ལ་བསྟུད་མར་ཕྱི་རོལ་དུ་རྟོག་ཞིབ་བྱས་པ་བརྒྱུད། ང་ཚོས་གཙོད་ཀྱི་བཤང་ལུད་ཁྲོད་ནས་གཞན་བརྟེན་སྲིན་འབུ་ཉིན་30ཡི་རྗེས་སུ་གཞི་ནས་འབུ་ཕྲུག་གི་དུས་སུ་སླེབས་པ་ཤེས་རྟོགས་བྱུང་། དེའི་གོང་། གཞན་བརྟེན་སྲིན་འབུའི་སྒོ་ང་ལ་འགོས་པའི་རང་བཞིན་མེད་པ་རེད། མོ་གཙོད་དག་གཙོད་གནས་མཚོ་རུ་ཉིན་21ནས་27བར་བསྡད་རྗེས་ཕྱིར་ལོག་བཞིན་ཡོད་པས། གཞན་བརྟེན་སྲིན་འབུ་འགོས་པའི་དུས་ཚོད་དང་རྦད་དེ་གཡོལ་ཐུབ་ཡོད།  གོམ་གང་མདུན་སྤོས་ཀྱི་ཞིབ་བཤེར་བྱས་པ་བརྒྱུད། ཨ་ཆེན་གངས་རྒྱབ་ཀྱི་ཁོར་ཡུག་ཆ་རྐྱེན་ཞན་པ་དེས་འཇུ་ལམ་དུ་གཞན་བརྟེན་སྲིན་འབུས་དགུན་ཁ་སྒྲོལ་ནས་འཚོ་དཀའ་བས། གསར་སྐྱེས་གཙོད་ཕྲུག་ལ་སྲིད་འབུ་འགོ་བའི་གོ་སྐབས་མེད་པ་དང་། རྒྱུ་མའི་འགོས་ནད་དང་ཁྲག་ཐོན་ནས་ཤི་བའི་ཉེན་ཁ་ཉུང་དུ་ཕྱིན་ཡོད་པ་དེས་གཙོད་གནས་སྤོ་བ་ནི་གཞན་བརྟེན་སྲིན་འབུའི་འགོས་ནད་ལས་གཡོལ་བ་དང་། དེའི་ཁྲོད་ཕན་པ་ཐོབ་ཐབས་བྱེད་པ་གསལ་བཤད་ཐུབ་ཡོད”ཅེས་ཀྲའོ་ཞིན་ཆོན་གྱིས་བཤད།
    ལོ་7རིང་གི་ལྟ་ཞིབ་དབྱེ་ཞིབ་ལས། ཀྲའོ་ཞིན་ཆོན་དང་དེའི་ཚོགས་པས་གཙོད་གནས་སྤོ་བ་ནི་“བཟའ་བཅའི་ཆེད་ཡིན་པར་སྨྲ་བ”ཡི་ལྟ་བ་དེ་ཕུད་ཡོད། “གནས་སྤོའི་དུས་ཚོད་ཟླ་5པའི་ཟླ་སྨད་ནས་ཟླ་5པའི་ཟླ་སྟོད་བར་སྔ་སྣུར་བྱས་ཡོད། དེ་ནི་གནམ་གཤིས་དྲོ་འགྱུར་དང་བརླན་འགྱུར་དང་འབྲེལ་བ་ཡོད། ལམ་རྒྱུད་ཀྱི་གཟན་རྩྭ་སྔ་ཙམ་ནས་འབུས་ཡོད་པས། གཙོད་ཀྱིས་བསམ་བཞིན་དུ་ལམ་གྱི་དུས་ཚོད་རིང་དུ་བཏང་མོད། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི་དངོས་སུ་གཙོད་གནས་མཚོ་རུ་གཙོད་ཕྲུག་བཙའ་བའི་དུས་ཚོད་ལ་འགྱུར་ལྡོག་ཕྱིན་མེད”ཅེས་ཀྲའོ་ཞིན་ཆོན་དེ་ལྟར་བཤད། 2019ལོར་གཙོད་གནས་མཚོའི་ཆུ་རགས་ཤོར་ནས་ནུབ་ངོས་མཚོ་མཐིལ་ཕྱིར་ཐོན་ནས་བྱེ་མར་འགྱུར་ཡོད་ཀྱང་། གཙོད་ནི་སྔར་བཞིན་ལོ་ལྟར་ཡོང་བཞིན་ཡོད་ཅེས་བཤད།
    ཀྲའོ་ཞིན་ཆོན་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གཙོད་ཁྲི་2མ་ཟིན་པ་ནས་ཁྲི་7ཙམ་བར་མང་དུ་ཕྱིན་ཡོད། མིའི་རིགས་ཀྱིས་སྲུང་སྐྱོང་ནུས་ལྡན་བྱས་པ་ཕུད། གསར་སྐྱེས་གཙོད་ཕྲུག་གནས་སྤོ་སྐབས་གཞན་བརྟེན་སྲིན་འབུའི་ནད་ལ་གཡོལ་ཐུབ་ཡོད་པས། སྔ་དུས་ཀྱི་གསོན་ཚད་མཐོ་རུ་ཕྱིན་ཡོད་པའི་རྒྱུ་རྐྱེན་ཡང་ཡོད་ཅེས་བཤད་པ་རེད།
༄༅།།གཙོད་གནས་སྤོ་བའི་རྒྱུ་མཚན་གཅིག་འདི་ཡིན་སྲིད།