འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉི་མའི་གནས་གཏན་འཁེལ་བྱེད་སྟངས་གསར་པ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་26ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉི་མའི་གནས་གཏན་འཁེལ་བྱེད་སྟངས་གསར་པ་ཞིག་རྙེད་འདུག
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་ཀྲེན་ཞང་པའེ་ཆི་ཡི་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་བར་སྣང་ལྟེ་གནས་མིང་ཨན་ཐུའུ་ཕྱི་རོལ་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ནས་ཤེས་རྟོགས་བྱུང་དོན། ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་བར་སྣང་ཚན་རིག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཡན་དབྱི་ཧྭ་ཡིས་སྣེ་ཁྲིད་པའི་ཚན་ཞིབ་ཚོགས་པས། མིང་ཨན་ཐུའུ་འཕྲོ་གློག་ཟློས་ཤལ་ཉི་དཔྱད་(MUSER)པར་རིས་ས་གནས་ཡང་དག་ལ་སྤྱོད་ཆོག་པའི་ཐབས་གསར་པ་ཞིག་རྙེད་ཅིང་།  བྱེད་ཐབས་དེ་རིགས་ནི་སྟོང་ཁམས་ཆེན་པོའི་ནང་ཉི་མའི་“གནས”གཏན་འཁེལ་ཐུབ་པ་རེད། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་རིག་གཞུང་དུས་དེབ《གནམ་རིག་དང་སྐར་མའི་གོ་ལའི་དངོས་ཁམས་རིག་པའི་ཞིབ་འཇུག》ཐོག་སྤེལ་ཡོད། 
    ཡན་དབྱི་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་དེས་མིག་སྔའི་ཡང་དག་པའི་ངང་MUSERབརྙན་གྲུབ་དག་བཅོས་བྱེད་ཐབས་ལེགས་སུ་བཏང་བ་མ་ཟད། ད་དུང་སྤྱིར་བཏང་གི་འཕྲོ་གློག་ཕྱོགས་བསྡུས་ཁུང་ཚངས་གྲུབ་པའི་རིགས་པའི་གཞུང་ལུགས་ཐད་ནས་ལོ་བཅུ་ཕྲག་རིང་གི་ཆད་ལུས་དེ་གསབ་ཡོད་པས། ཕྱོགས་བསྡུས་ཁུང་ཚངས་བྱེད་ཐབས་དེ་བཀག་སྡོམ་ཅན་གྱི་རིགས་པའི་གཞུང་ལུགས་ཆ་ཚང་ཤིག་ཏུ་གྱུར་ཞིང་། དེ་ནི་ཕྱོགས་བསྡུས་ཁུང་ཚངས་རིགས་པའི་གཞུང་ལུགས་ལ་གཞིགས་ནས་བལྟོས་མེད་ཀྱི་ངེས་གནས་གཏན་འཁེལ་བྱེད་ཐུབ། 
༄༅།།ཉི་མའི་གནས་གཏན་འཁེལ་བྱེད་སྟངས་གསར་པ་ཞིག་རྙེད་འདུག