འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒན་གསོའི་འཚོ་དངུལ་ཇི་ལྟར་བརྩིས་པ་ཤེས་སམ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་25ཉིན། 15:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། རྒན་གསོའི་འགན་བཅོལ་ནི་ལས་འཁྱུར་བྱས་རྗེས་ཀྱི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད་པས། ནམ་རྒྱུན་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་བརྗོད་གཞི་ཞིག་རེད། འོ་ན་ཁྱོད་ཀྱིས་མ་འོངས་པར་རྒན་གསོའི་འཚོ་དངུལ་ག་ཚོད་ལེན་ཐུབ་མིན་ཤེས་སམ། གཤམ་ནས་སྐར་མ་1རིང་ཁྱེད་ལ་ཤེས་པར་འཇུག་ཐུབ། 
   སྤྱིར་བཏང་དུ་བཤད་ན། ཁེ་ལས་ལས་བཟོ་བའི་རྒན་གསོའི་འཚོ་དངུལ་ནི།“རྨང་གཞིའི་རྒན་གསོའི་འཚོ་དངུལ་”དང་“མི་སྒེར་གྱི་ཐོ་ཁུངས་རྩིས་ཐོའི་རྒན་གསོའི་འཚོ་དངུལ་”ལས་གྲུབ་པ་སྟེ། 
རྨང་གཞིའི་རྒན་གསོའི་འཚོ་དངུལ་=འགན་བཅོལ་ནང་ཞུགས་མཁན་ལས་འཁྱུར་ངལ་གསོའི་དུས་སུ་ས་གནས་དེ་གའི་ལོ་འཁོར་གོང་མའི་ལས་ཐོག་ལས་བཟོ་པའི་ཟླ་རེའི་ཆ་སྙོམས་གླ་ཕོགས་×(1+རང་ཉིད་ཀྱི་ཟླ་རེའི་ཆ་སྙོམས་གྲོན་དངུལ་འཇལ་བའི་གླ་ཕོགས་ཀྱི་བསྡུར་གྲངས)÷2×གྲོན་དངུལ་འཇལ་བའི་ལོ་ཚད་×1% 
མི་སྒེར་གྱི་རྩིས་ཐོའི་རྒན་གསོའི་འཚོ་དངུལ་=འགན་བཅོལ་ནང་ཞུགས་མཁན་ལས་འཁྱུར་ངལ་གསོའི་སྐབས་མི་སྒེར་གྱི་རྩིས་ཐོའི་གསོག་འཇོག་དངུལ་གྲངས་÷མི་སྒེར་གྱི་ལས་འཁྱུར་ངལ་གསོའི་ལོ་ཚད་དང་མཉམ་པའི་འཆར་འགོད་གཏོང་སྤྲོད་ཟླ་གྲངས། 
   གྲོགས་པོ་ལ་ལར་ད་དུང་“བར་བརྒལ་རང་བཞིན་གྱི་རྒན་གསོའི་འཚོ་དངུལ”ཡང་ཡོད། དེའི་བརྩི་ཐབས་ནི་ས་གནས་སོ་སོར་བརྩི་ཐབས་མི་འདྲ། མདོར་ན། རྒན་གསོའི་འཚོ་དངུལ་ནི་མང་པོ་སྤྲད་ན་མང་པོ་ཐོབ་པ་དང་། ཡུན་རིང་ལ་སྤྲད་ན་མང་པོ་ཐོབ་པ་ཞིག་རེད། 
དངུལ་འཇལ་དུས་ཚོད་ཇི་ཙམ་རིང་ན་རྨང་གཞིའི་རྒན་གསོའི་འཚོ་དངུལ་དང་མི་སྒེར་གྱི་རྩིས་ཐོའི་ནང་གི་རྒན་གསོའི་འཚོ་དངུལ་དེ་ཙམ་གྱིས་མང་བ་དང་། གྲོན་དངུལ་འཇལ་བའི་ཆུ་ཚད་ཇི་ཙམ་མཐོ་བ་དང་ལས་འཁྱུར་ངལ་གསོའི་དུས་ཚོད་ཇི་ཙམ་འགོར་ན་མི་སྒེར་གྱི་རྩིས་ཐོའི་ནང་གི་རྒན་གསོའི་འཚོ་དངུལ་དེ་ཙམ་གྱིས་མང་བ་རེད། 
ཚང་མར་བྱེད་ཐབས་ཡག་པོ་ཞིག་བཤད་ཆོག (http:30p.30si.12333..cn)མནན་ནས། དེར་བསྟུན་གྱི་དཔྱད་གྲངས་ནང་གཏག་ན། རང་གི་རྒན་གསོའི་འཚོ་དངུལ་ཚོད་རྩིས་བྱེད་ཐུབ།