འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱི་འཐུས་མི་རྣམས་ཚོགས་ར་ནས་ཐོན། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་23ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བོད་ལྗོངས་ཀྱི་འཐུས་མི་རྣམས་ཚོགས་ར་ནས་ཐོན།
     ཁ་སང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ་བ་རེད། མི་དམངས་ཚོགས་ཁང་ཆེན་མོ་ནས་ཐོན་པའི་བོད་ལྗོངས་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་ཞིང་། འཐབ་ལམ་གསར་པར་གོམ་སྟབས་ཆེན་པོས་བསྐྱོད་དེ་ལེའུ་གསར་པ་མུ་མཐུད་རྩོམ་པའི་བརྗིད་ཆེའི་བརྩེ་སེམས་བཅངས་ཡོད། འཐུས་མི་ཚང་མས། འགོ་འཛུགས་ས་གསར་པ་དང་འཐབ་ལམ་གསར་པའི་ཐོག་འགྲེང་དུས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཏང་ལ་དཀའ་ངལ་སེལ་རོགས་དང་། རྒྱལ་ཁབ་ལ་འགན་འཁྲི་འཁུར་བ། དམངས་ལ་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་ཞིང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་པར་གཟི་བརྗིད་བསྣན་ནས། རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མཉམ་དུ་མངོན་འགྱུར་ཡོང་ཆེད་བཀྲག་མདངས་བསྣན་རྒྱུ་ཡིན་ཞེས་བཤད་པ་རེད། 
     ཕུགས་བསམ་མདུན་དུ་ཡོད་ཀྱང་འགྲོ་ལམ་རྐང་འོག་ཏུ་ཡོད། གངས་ལྗོངས་མཐོ་སྒང་གི་མི་རིགས་ཁག་གི་བུ་ཕྲུག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། བློ་མཐུན་ཞི་ཅིན་ཕིང་ལྟེ་བར་གྱུར་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ། ངར་ཤུགས་གཅིག་སྒྲིལ་དང་། འགྲན་སློང་ལ་ཁ་གཏད་གཅོག་པ།  འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ལྷོད་གཡེང་སྤུ་ཙམ་མེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་ཐོག་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ལམ་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན། 
༄༅།།བོད་ལྗོངས་ཀྱི་འཐུས་མི་རྣམས་ཚོགས་ར་ནས་ཐོན།