འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་ཁོངས་འདི་ནས་ཟབ་སའི་སོལ་རླངས་ཡོད་ས་ཞིག་ཐོག་མ་རྙེད་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་21ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་ཁོངས་འདི་ནས་ཟབ་སའི་སོལ་རླངས་ཡོད་ས་ཞིག་ཐོག་མ་རྙེད་འདུག
   མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་གྱི་དགོང་མོར་ཀྲུང་གོ་མཚོ་སྣུམ་གྱིས་གནས་ཚུལ་ཡོངས་བསྒྲགས་བྱས་པར་གཞིགས་ན། ཧའེ་ནན་གླིང་ཕྲན་ཤར་ལྷོའི་རྒྱུད་ཀྱི་མཚོ་ཁོངས་ཆུང་ཤར་ལྷོའི་གཤོང་ས་ནས་སླར་ཡང་རྩད་ཞིབ་ཚད་བརྒལ་གལ་ཆེན་བྱུང་ནས། རང་རྒྱལ་གྱི་ཟབ་སའི་སོལ་རླངས་འབྱུང་གནས་དང་པོ་སྟེ་པའོ་ཏའོ་གླིང་ཕྲན་21-1ཤེས་རྟོགས་བྱུང་བ་དང་། ས་གཤིས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་500ལས་བརྒལ་བ་རྩད་ཆོད་བྱུང་བ་དང་། སུང་ནན-པའོ་ཏའོ་གླིང་ཕྲན་དུ་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་གི་ཚད་བརྒལ་ཆེ་ཤོས་བྱུང་བ་དེ་ནི་མཚོ་གཏིང་ཟབ་པའི་འཚོལ་ཞིབ་ལ་ཐོབ་པའི་འཕེལ་རྒྱས་ཆེན་པོ་ཞིག་རེད།
   རྒྱ་མཚོའི་སྣུམ་རླངས་རྩད་ཞིབ་ཁྱབ་ཁོངས་སུ། སྤྱིར་བཏང་དུ་ཆུའི་གཏིང་ཚད་སྨི་300ལས་བརྒལ་བའི་ཆུ་ཁོངས་ལ་ཆུ་གཏིང་ཟབ་ས་ཟེར། ད་ཐེངས་ཤེས་རྟོགས་བྱུང་བའི་པའོ་ཏའོ་ཡི་21-1སོལ་རླངས་འབྱུང་གནས་དེ་ཧའེ་ནན་གླིང་ཕྲན་ཤར་ལྷོའི་རྒྱུད་མཚོ་ཁོངས་ཀྱི་མཚོ་ཟབ་ཁུལ་དུ་གནས་པ་དང་། ལས་ཀའི་གཏིང་ཚད་ཟབ་ཤོས་སྨི་1500ལྷག་ཙམ་ཟིན་པ། ཁྲོན་པ་འབིགས་ཚད་སྨི་5000ལྷག་ཙམ་ཟིན་པ། “མཚོ་གཏིང་ཨང་དང་པོ་རྟགས་ཅན”གྱི་ཆུ་གཏིང་ཟབ་ཤོས་ཀྱི་སོལ་རླངས་འབྱུང་གནས་དང་བར་ཐག་སྤྱི་ལེ་150ཙམ་ཟིན་པ། རྒྱ་མཚོའི་ས་གཤིས་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་བ་བཅས་ཡིན་པ་རེད།
༄༅།།མཚོ་ཁོངས་འདི་ནས་ཟབ་སའི་སོལ་རླངས་ཡོད་ས་ཞིག་ཐོག་མ་རྙེད་འདུག