འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་ནི་འཛམ་གླིང་ཐོག་བདེ་འཇགས་ཡིན་ཤོས་རྒྱལ་ཁབ་གྲས་གཅིག་ཡིན། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་20ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་10བའི་ཚེས་19ལ།ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཚོགས། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། རྒྱུན་ལྡན་གྱི་ལས་ཀའི་ལས་བགོས་འགན་འཁུར་བའི་ཡོན་ཀྲང་གཞོན་པ། རིམ་པ་དང་པོའི་ཁྲིམས་དཔོན་ཆེན་མོ་ཧོ་རུང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལྡན་གྱི་ལས་ཀའི་ལས་བགོས་འགན་འཁུར་བའི་ཞིབ་དཔྱོད་དཔོན་གཞོན་པ། རིམ་པ་དང་པོའི་ཞིབ་དཔྱོད་དཔོན་ཆེ་མོ་ཐུང་ཅན་མིང་། སྤྱི་བདེ་པུའུ་ཏང་ཨུད་ཀྱི་ཨུ་ཡོན་དང་། པུའུ་ཀྲང་གཞོན་པ། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་ཞུའུ་ཀངན་ལུའུ། ཁྲིམས་འཛིན་པུའུ་ཏང་ཙུའུ་ཡི་ཁོངས་མི། པུའུ་ཀྲང་གཞོན་པ་ཙའོ་ལི་བཅས་ཀྱིས་“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་ཀྲུང་གོ་ཞིག་ཧུར་ཐག་བསྐྲུན་དགོས”ཞེས་བརྗོད་དོན་གཙོ་བོར་བྱས་ནས་གསར་འགོད་པ་དང་སྤེལ་རེས་བྱས། ཞུས་ཀན་ལུའུ་ཡིས། དེང་སྐབས་ཀྱི་ཀྲུང་གོ་ནི་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་བདེ་འཇགས་ཡིན་ཤོས་རྒྱལ་ཁབ་གྲས་གཅིག་ཡིན་པ་བཤད།