འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲང་ཏིང་ཡུའུ་ཡིས་དབང་བོ་ཞལ་འདེབས་འབུལ་བའི་སྐོར་གླེང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་20ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་འཐུས་མི། ཧོ་པེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཏིང་ཡུའུ་ཡིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད། དབང་པོ་ཞལ་འདེབས་འབུལ་བའི་སྐོར་གླེང་དུས། ཁོང་གིས་རང་ཉིད་ནི་ཤ་རིམ་འཁུམ་ནད་ཕོག་པའི་ནད་པ་ཞིག་ཡིན། དེ་སྔོན་ལ་རང་གི་ཕུང་པོ་ཤ་རིམ་འཁུམ་ནད་ལ་ཞིབ་འཇུག་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་ཅེས་ངོ་སྤྲོད་བྱས།  ཁོང་གིས། ལོ་རེར་ནད་པ་མང་པོས་དབང་པོ་གནས་སྤོ་བྱ་རྒྱུར་སྒུག་ཡོད། གལ་ཏེ་ང་ཚོས་དོན་འདིའི་ཐད་ཏོག་ཙམ་བསྒྲུབ་ཐུབ་ན། དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་བརྗོད།