འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷ་སའི་སྐྱིད་ཆུའི་འགྲམ་དུ་སྲོག་ཆགས་འདི་འདྲ་མཐོང་བྱུང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་20ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལྷ་སའི་སྐྱིད་ཆུའི་འགྲམ་དུ་སྲོག་ཆགས་འདི་འདྲ་མཐོང་བྱུང་།
     ཤྭ་བ་མཆུ་དཀར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་པ་དང་། ཉེ་དུས་ལྷ་སའི་སྐྱིད་ཆུའི་ངོགས་སུ་སྙིང་རྗེ་བའི་ཤྭ་བ་མཆུ་དཀར་པོ་4སླེབས་ཡོད་པར་ཚང་མས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གསར་འགོད་པས་འཕྲལ་མར་ནགས་རྩྭའི་ལས་དོན་པའི་རྗེས་སུ་འབྲངས་ནས། བོད་ལྗོངས་ཀྱི་ཤྭ་བ་མཆུ་དཀར་ཀྱི་འཚོ་གནས་གནས་ཚུལ་ལ་བཅར་འདྲི་དང་ཤེས་རྟོགས་བྱས་པ་རེད།
     2022ལོའི་ཟླ་10ཚེས་19ཉིན་གྱི་ཕྱི་དྲོར། གསར་འགོད་པས་ལྷ་སའི་སྐྱིད་ཆུའི་ངོགས་སུ་ཉེ་འཁོར་གྱི་གྲོང་མིས་ངལ་གསོ་དང་འཆམ་འཆམ་བྱེད་བཞིན་ཡོད་པ་དང་། ཆུ་ངོས་སུ་ད་དུང་ཁྱུ་དང་ཁྱུ་བྱས་པའི་ཆུ་སྐྱར་མང་པོ་ལྡིང་སྐོར་རྒྱག་བཞིན་ཡོད། ཆུའི་ཕ་རོལ་ནི་ལྷོ་རིའི་ཁུལ་ཡིན་ལ། ཆུ་དབུས་ཀྱི་གཏིང་ཐུང་སར་ཤྭ་བ་མཆུ་དཀར་ཡོད་པ་མཐོང་བ་རེད། 
     ཤྭ་བ་མཆུ་དཀར་ནི་དཔེ་མཚོན་ཅན་གྱི་མཐོ་གྲང་སྲོག་ཆགས་ཤིག་ཡིན་ལ། གཙོ་བོ་ནགས་ཚལ་གྱི་སྡོང་ཕྲན་ནགས་རྫོབ་དང་། སྡོང་ཕྲན་སྤང་ལྗོངས། རི་མཐོའི་རྩྭ་ཐང་བཅས་ཀྱི་རྒྱུད་དུ་འགུལ་སྐྱོད་བྱེད་ཀྱི་ཡོད་ཅིང་། དེ་ནི་ས་བབ་མཐོ་ཤོས་སུ་འཚོ་སྡོད་བྱེད་པའི་ཤྭ་རིགས་ཤིག་རེད། དེའི་མས་མཆུ་དཀར་པོ་ཡིན་པ་མ་ཟད། མགྲིན་པའི་སྟོད་དང་འགྲམ་གཉིས་བར་རྒྱུན་བསྲིངས་ཡོད་པས་མིང་ལ་ཤྭ་བ་མཆུ་དཀར་ཟེར། 
     བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བསྡོམས་རྩིས་གསར་ཤོས་ལས་མངོན་པར་གཞིགས་ན། མིག་སྔར་བོད་དུ་ཤྭ་བ་ཁྱུ་ཚོགས་ཁྲི་3.4ལྷག་ཙམ་ཡོད་པ་དང་། ལྷོ་ཁ་དང་། ཆབ་མདོ། ཉིང་ཁྲི། ནག་ཆུ་སོགས་སུ་ཁྱབ་ཡོད་ཅིང་། གྲངས་འབོར་ཅུང་མང་བ་ནི་ལྷོ་ཁ་གྲོང་ཁྱེར་ཡིན་པ་དང་གྲངས་འབོར་ཁྲི་1ལྷག་ཙམ་ཡོད་པ་རེད། འཚོ་སྡོད་ཁོར་ཡུག་ཅུང་ལེགས་པས་ཉེ་བའི་ལོ་ཤས་རིང་ཤྭ་བ་མཆུ་དཀར་གྱི་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཡོད།
【1】  【2】
༄༅།།ལྷ་སའི་སྐྱིད་ཆུའི་འགྲམ་དུ་སྲོག་ཆགས་འདི་འདྲ་མཐོང་བྱུང་།