འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཐུས་མི་དོན་གྲུབ་ཕུན་ཚོགས། “མི་དམངས”ཞེས་པའི་ཡིག་འབྲུ་གཉིས་པོ་ནི་གནམ་ལས་མཐོ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་19ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། “མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་བསམ་ཕྱོགས་གསར་པ་གཏོད་རྒྱུའི་སྐོར་གླེང་སྐབས་ངེས་པར་དུ་མི་དམངས་བླ་ན་མེད་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་མཐོང་ཆེན་བྱས་ནས་དེ་ནི་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་དེང་རབས་ཅན་རེད་ཅེས་བརྗོད་ཀྱི་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སྒྲོན་ལ་ལྟ་སྐབས‘མི་དམངས’ཞེས་པའི་ཡིག་འབྲུ་གཉིས་པོའི་དོན་སྙིང་ཟབ་པའི་མྱོང་ཚོར་ཟབ་མོ་བྱུང”ཞེས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་སྤྱི་བདེ་ཅུས་གཡག་རྭ་མངགས་གཏོང་ཁང་གི་སུའོ་ཀྲང་འཐུས་མི་དོན་གྲུབ་ཕུན་ཚོགས་ཀྱིས་དེ་ལྟར་བཤད། 
   དོན་གྲུབ་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གི་ལས་ཀ་བྱེད་སའི་སྡེ་ཚན་ནི་གཡག་རྭ་མངགས་གཏོང་ཁང་ཡིན་ཞིང་། ས་བབ་མཐོ་བའི་ས་ཁུལ་དུ་རེད། ཁོང་དང་ཁོང་གི་ལས་རོགས་ཚོས་ཉིན་མོ་སྤྱི་ལེ་20ཙམ་ལ་སྐོར་གཡེང་བྱས་པ་དང་། དགོང་མོར་ད་དུང་མང་ཚོགས་ལ་སྲིད་ཇུས་སྒྲོག་འགྲེལ་དང་འཚོ་བའི་སྐོར་གླེང་ནས། “མང་ཚོགས་དང་དེ་བས་ཉེ་བ་བཅར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།” ཅེས་དོན་གྲུབ་ཕུན་ཚོགས་ཀྱིས་དེ་ལྟར་བཤད། 
   དུས་རྒྱུན་བྱ་དེ་འཚོལ་རོགས་དང་སྨན་རྫས་སྐྱེལ་རོགས་བྱེད་པ་ནི་དོན་གྲུབ་ཕུན་ཚོགས་ལ་མཚོན་ན་རྒྱུན་ལྡན་གྱི་ལས་ཀ་ཞིག་རེད། “གྱོད་གཞི་ཞིག་རྩད་ཆོད་རྗེས་གཞི་ནས་ཉེན་རྟོག་པ་འབོད་པ་མ་རེད། ཉེན་རྟོག་པའི་ཡིག་འབྲུའི་སྔོན་དུ་མི་དམངས་ཡོད་པ་རེད། ‘མི་དམངས་’ཞེས་པའི་ཡིག་འབྲུ་གཉིས་པོ་དེ་གནམ་ལས་མཐོ་བ་ཡོད། མཐོ་སྒང་དུ་གསོ་རླུང་དཀོན་ཡང་སྙིང་སྟོབས་འདང་ངེས་ཡོད། དྲོད་ཚད་དམའ་ཡང་དྲོ་སྐྱིད་ལྡན། ” ཁོང་གིས་འཐབ་ལམ་གསར་པའི་ཐོག་མུ་མཐུད་ལས་གནས་ཐོག་གཞི་ཚུགས་པ་དང་། སྤྲོ་སེམས་ཆེན་པོས་དམངས་ལ་ཞབས་འདེགས་ཞུ་བ། མི་སེར་གྱི་བདེ་འཇགས་སྲུང་བ། མང་ཚོགས་དང་ཉེ་བར་བཅར་མཁན་བཅས་བྱ་རྒྱུ་ཡིན་ཞེས་བཤད།