འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཝང་དབྱང་བོད་ལྗོངས་འཐུས་ཚབ་ཚོཊ་པའི་གྲོས་བསྡུར་ནང་ཞུགས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་18ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་17ཉིན་གྱི་སྔ་དྲོར། བློ་མཐུན་ཝང་དབྱང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བོད་ལྗོངས་འཐུས་མིའི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུའི་ནང་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་ཁེལ་བྱས་ཡོད་ཅིང་། བརྗོད་བྱ་གཙོ་བོ་ཁ་གསལ་ཡིན། ཡིད་ཆེས་བརྟན་པོ་དང་ཏང་སེམས་གཅིག་སྒྲིལ། དམངས་སེམས་དྲོན་མོ། སེམས་པ་གཅིག་མཐུན་ཡོང་བ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་ལམ་ཚད་གསར་པ་བཏོད་ཡོད་ཅིང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་རྒྱུར་བདེན་དོན་གྱི་སྟོབས་ཤུགས་གསར་པ་བསྣན་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་འཐབ་ཇུས་ཀྱི་ཁྲིད་སྟོན་གསར་པ་མཁོ་འདོན་བྱས་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་འབད་འབུངས་ཡར་བརྩོན་གྱི་འཐབ་ལམ་གསར་པ་དང་དུས་རབས་གསར་པ་གཏོད་རྒྱུར་སྐུལ་མ་ཆེན་པོ་ཐེབས་རྒྱུ་དང་། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་གོང་བུ་གཅིག་ཏུ་སྒྲིལ་ཤུགས་ཧ་ཅང་ཆེན་པོ་ཡོང་ངེས་རེད་ཅེས་གསུངས་པ་རེད།
     ཝང་དབྱང་གིས། དུས་རབས་གསར་པའི་ལོ་བཅུའི་རིང་གི་འཕེལ་རྒྱས་ལོ་རྒྱུས་ནི་ཧ་ཅང་རྒྱུན་ལྡན་མིན་པ་དང་ཧ་ཅང་སྤྱིར་བཏང་མིན་པ་ཞིག་རེད། དུས་རབས་གསར་པའི་ལོ་བཅུའི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རླབས་ཆེན་གྱི་འཕོ་འགྱུར་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པ་དང་ལས་སླ་པོར་བྱུང་བ་ཞིག་མིན། “གཏན་འཁེལ་གཉིས”ནི་ཏང་ཡོངས་ཀྱི་འདོད་བློ་དང་དམངས་སེམས་གཏད་ཕྱོགས་ཡིན་ལ། ང་ཚོས་གཏན་འཁེལ་མེད་པའི་རང་བཞིན་ཡོད་ཚད་ལ་ཁ་གཏད་འཇལ་བའི་ངེས་གཏན་རང་བཞིན་ཆེ་ཤོས་ཀྱང་ཡིན། དམིགས་འབེན་ཇི་ཙམ་རྒྱ་ཆེ་ན། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ལ། གནས་བབ་དེ་ཙམ་གྱིས་རྙོག་འཛིང་ཆེ་བས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དེ་ཙམ་གྱིས་གོ་བ་གཏིང་ཟབ་ལེན་དགོས་པ་དང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་བྱེད་དགོས་པ། སྔར་བས་རང་རྟོགས་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་དགོས་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པའི་ཁ་ཕྱོགས་དེད་དེ་མདུན་སྐྱོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
   ཝང་དབྱང་གིས། བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི། ང་ཚོ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་པའི་འགག་རྩ་ཞིག་རེད། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་གཏན་འཁེལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་སྔར་ལས་བྱུང་མགྱོགས་པའི་རྒྱབ་ལྗོངས་འོག ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པར་འཐབ་ཇུས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་ཁྲོད་རང་འགུལ་དང་། ལེགས་ཆ། འབྱུང་འགྱུར་བཅས་ཐོབ་པ་བྱེད་དགོས་ཞེས་བསྟན་པ་རེད།
   ཝང་དབྱང་གིས། དུས་རབས་གསར་པའི་ལོ་10ནི་བོད་ལྗོངས་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ་10ཡིན། བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་སྟོབས་ཆེར་གཏོང་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱེད་པ། ཕུགས་ཀྱི་ཐབས་ཇུས་མང་ཙམ་འདིང་བ་དང་། རྩ་བ་བརྟན་དུ་གཏོང་བའི་བྱ་ཐབས་མང་ཙམ་སྤྱོད་པ། ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་གནད་དོན་གཏིང་ཟབ་ཐག་གཅོད་མང་ཙམ་བྱེད་པ། མཐུན་སྒྲིལ་དང་ཕྱུག་འགྱུར། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་གིས་སྐྲུན་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།