འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཏང་གི་ཚོགས་ཆེན་ཉི་ཤུ་པ་ཇི་ལྟར་འཚོག་པ་ཡིན་ནམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་16ཉིན། 17:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 



མི་དམངས་དྲ་བའི་འཕྲིན། 《ཏང་གི་སྒྲིག་ཡིག》དོན་ཚན་བཅུ་དགུ་པའི་ནང་གཏན་འབེབས་བྱས་དོན།  “ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ནི་ལོ་ལྔ་རེར་ཐེངས་རེ་འཚོག་རྒྱུ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོག་བྱ་རྒྱུ།”
   ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ལེགས་པར་འདེམས་རྒྱུ་ནི་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལེགས་པར་འཚོག་རྒྱུའི་རྨང་གཞི་གལ་ཆེན་ཞིག་རེད། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སློབ་སྟོན་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་སྒྲིག་ཡིག་དང་། ཏང་ཀྲུང་དབྱང་གི་བླང་བྱ་ལྟར་ལས་དོན་ནན་གྱིས་སྒྲུབ་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། དམངས་གཙོའི་སྤུས་ཚད་དང་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། ཏང་ཀྲུང་དབྱང་གི་བླང་བྱ་དང་འཚམ་ལ་རྒྱ་ཆེའི་ཏང་ཡོན་གྱིས་བརྩི་བཀུར་ཞུ་བའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་རྒྱུའི་འགན་ལེན་བྱེད་དགོས།
   ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་མ་འཚོག་གོང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཅིག་འཚོགས་ནས།  རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐོང་འཚོག་བྱེད་པའི་ཞིབ་ཕྲའི་དུས་ཚོད་གྲོས་ཐག་གཅོད་རྒྱུ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུར་གྲོས་ཞིབ་བྱེད་དགོས་པ་མ་ཟད། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་(དག་བཅོས་འཆར་ཟིན་)》གྲོས་འཆམ་ཡོང་བ་བྱེད་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལ་ཕུལ་བའི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡོང་བ་བྱེད་དགོས། ཡིག་ཆ་དེ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ལ་ཞིབ་བཤེར་དང་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་གཅོད་དགོས། 
   ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ། ཟླ་10ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུ་རེད། ཚོགས་ཆེན་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱ་རྒྱུ་རེད།
   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་མཇུག་བསྒྲིལ་རྗེས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱ་རྒྱུ་རེད།