འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི”བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་གྱི་པར་རིས་བདམས་བཀོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་14ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་སྒོ་ཚང་དུ་བཏང་ཞིང་། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་ཚད་བརྒལ་གལ་ཆེན་ཟམ་མི་ཆད་པར་བྱུང་བ་དེ་ནི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་གཅིག་སྡུད་ཐོག་མཚོན་པ་ཞིག་རེད། འདི་ནི་2020ལོའི་ཟླ་7ཚེས་23ཉིན། ཀྲུང་གོའི“མཁའ་འདྲི་ཨང་དང་པོ་རྟགས་ཅན”གྱི་སྐར་མའི་གོ་ལའི་འཚོལ་ཞིབ་ཐིག་ལེན་ཡོ་བྱད་མཁའ་དབྱིངས་སུ་འཕེན་གཏོང་བྱས་ནས་ཀྲུང་གོའི་རང་བརྟེན་སྐར་མའི་གོ་ལའི་འཚོལ་ཞིབ་ཐིག་ལེན་ལས་འགན་ཐོག་མ་དེ་སྒྲུབ་འགོ་ཚུགས་པ།

     སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་རེད་ལ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འགོ་ཁྲིད་གནང་བ་དང་། སྐུ་ངོ་མས་བཀོད་སྒྲིག་གནང་བ། སྐུ་ངོ་མས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་བཏང་གནང་བ་མ་ཟད། ཏང་ཀྲུང་དབྱང་གིས་སྔར་བྱུང་མ་མྱོང་བའི་ཆོད་སེམས་དང་སྟོབས་ཤུགས་ལ་བརྟེན་ནས་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་བསྒྲལ་ཏེ་ཁེ་ཕན་སྲ་འགྱུར་གྱི་ར་བ་གཏོར་བས། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་བཟོ། ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་གཏན་འཁེལ་བྱུང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་ཡོད།
【1】  【2】  【3】
འོས་འགན་སློབ་གསོའི་དུས་མཚམས་ཀྱི“ཁུར་པོ་ཡང་གཏོང་གཉིས”ལག་བསྟར་གཏིང་ཟབ་བྱས་ཤིང་། སློབ་གྲྭའི་ནང་གི་སློབ་གསོའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་སློབ་གྲྭའི་ཕྱིའི་གསོ་སྦྱོང་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་སློབ་གསོའི་ཁོར་ཡུག་ཡག་པོ་བསྐྲུན་ཡོད། འདི་ནི་2022ལོའི་ཟླ་དང་པོར། ཧྲན་ཏུང་ཞིང་ཆེན་ཀའོ་སྨི་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་བཞི་པའི་སློབ་མ་ཚོས་རང་ཉིད་ཀྱིས་བྲིས་པའི་བཀྲ་ཤིས་མཚོན་བྱེད་རྒྱ་ཡིག“ཧྥུའུ”ཞེས་པ་བསྟན་ནས“ཁུར་པོ་ཡང་གཏོང་གཉིས”ལག་ལེན་བསྟར་རྗེས་ཀྱི་དགུན་ཁའི་གུང་གསེང་དང་པོ་དེར་བསུ་བ་ཞུ་བ།