༄༅།།“འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི”བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་
སྟོན་གྱི་པར་རིས་བདམས་བཀོད།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 10ཚེས་13ཉིན། 10:28】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་ལམ་ཐིག་གཙོ་བོ་རྩ་བའི་ཆ་ནས་བསྐྲུན་ཟིན་ཏེ་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་16.91ཟིན་ཞིང་། འདི་ནི་འཛམ་གླིང་ཐོག་གི་ཟམ་པ་མཐོ་ཤོས་ཀུའེ་ཀྲོའུ་པེ་ཕན་གཙང་པོའི་ཟམ་ཆེན་ཡིན་པ།
མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཆེ་བ་དང་ཉེན་ཁ་དང་འགྲན་སློང་མང་པོའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་ལས་དོན་ལ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་མཛུབ་ཁྲིད་དང་། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་པ་བརྟན་ཚུགས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་འཛམ་གླིང་ཐོག་གྲུབ་འབྲས་ཡག་ཤོས་ཐོབ་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་པ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དྲང་སྙོམས་དེ་བས་ཆེ་བ། རྒྱུན་མཐུད་དེ་བས་ཆེ་བ། བདེ་འཇགས་དེ་བས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ལམ་བུར་སླེབས་ཡོད།
【1】
【2】
【3】
【4】
|
མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལ་ཚད་བརྒལ་གསར་པ་ཟམ་མི་ཆད་པར་བྱུང་ཞིང་། འཇིག་རྟེན་འཕུར་སྐྱོད་པ་14དང་མི་ཐེངས་23བར་སྣང་དུ་སྔ་རྗེས་སུ་བསྐྱལ་བར་འཐབ་ཚད་རྒྱལ་བའི་ཐུན་མོང་མ་ཡིན་པའི་གྲུབ་འབྲས་ཐོབ་ཅིང་། འདི་ནི་2021ལོའི་ཟླ་6པར་ཀྲུང་གོ་བ་རང་ཉིད་ཀྱི་བར་སྣང་ས་ཚིགས་སུ་ཐེངས་དང་པོར་འཛུལ་བཞིན་པ། |