༄༅།།ཐའེ་ཝན་གྱི་རྫོང་འདིར་ས་ཡོམ་རིམ་པ་5.6བྱུང་འདུག
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 10ཚེས་11ཉིན། 14:55】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱིས་དངོས་སུ་ཚད་འཇལ་བྱས་པ་ལྟར་ན། ཟླ་10ཚེས་11ཉིན་གྱི་ཆུ་ཚོད་3དང་སྐར་མ་24ཡི་ཐོག་ཐའེ་ཝན་ཧ་ལེན་རྫོང་གི་མཚོ་ཁོངས(བྱང་གི་འཕྲེད་ཐིག་ཏུའུ་23.93དང་ཤར་གྱི་གཞུང་ཐིག་ཏུའུ་122.26)སུ་ས་ཡོམ་རིམ་པ་5.6བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་20ཟིན་པ་རེད།