འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དཀའ་སྤྱད་འབད་བརྩོན་གྱིས་མདུན་དུ་སྐྱོད་བཞིན་པའི་བསྟན་འཛིན་དོན་གྲུབ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་09ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
བསྟན་འཛིན་དོན་གྲུབ(གཡོན)དང་ལས་གྲོགས་གཉིས་ཀྱིས་བྱ་བ་གྲོས་བསྡུར་བྱེད་བཞིན་པ།
བསྟན་འཛིན་དོན་གྲུབ(གཡོན)དང་ལས་གྲོགས་གཉིས་ཀྱིས་བྱ་བ་གྲོས་བསྡུར་བྱེད་བཞིན་པ། 
     ཐོན་སྐྱེད་ཀྱི་བསྡོམས་རྩིས་པ་དང་། མཛོད་ཁང་བདག་གཉེར་པ། ཨར་འདམ་བཀོལ་སྤྱོད་པ། རྒྱུ་ཆ་ཐོན་སྐྱེད་བཀོལ་སྤྱོད་པ་སོགས་ཀྱི་འགན་འཁུར་མྱོང་། ཡུལ་དངོས་དང་པོའི་ལས་བཟོ་བ་ནས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་འཁོར་ཁང་གི་ཀྲུའུ་རེན་གཅིག་ལྕོགས་བྱས་པ་དང་། བསྟན་འཛིན་དོན་གྲུབ་ཀྱིས་གསར་འབྱེད་གསར་གཏོད་བྱས་ཏེ་བོད་ལྗོངས་ཀའོ་ཀྲེང་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིས་ལོ་མང་བསྟུད་མར་དཔལ་འབྱོར་ཕན་འབྲས་དང་ལས་བཟོའི་ཕན་འབྲས་གཉིས་ཀ་ཐོན་རྒྱུར་རོགས་རམ་བྱས་ཡོད།
     བཟོ་གྲུབ་འཁོར་ཁང་ནི་ཨར་འདམ་ཐོན་སྐྱེད་ཀྱི་ཆེས་མཇུག་མཐའི་སྤུས་ཚད་ཀྱི་འགག་སྒོ་ཡིན། བཟོ་གྲུབ་འཁོར་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་ཚུན། བསྟན་འཛིན་དོན་གྲུབ་ཀྱིས་སྣེ་ཁྲིད་དེ་ཐོན་སྐྱེད་བཟོ་རྩལ་དང་སྒྲིག་ཆས་ལག་རྩལ་མང་པོ་སྒྱུར་བཀོད་བྱས་པས། ཀུང་སིའི་སྒྲིག་ཆས་འཁོར་སྐྱོད་བྱེད་ཚད་ལོ་རེ་བཞིན་མཐོར་འདེགས་བྱུང་ཡོད། “ཛ་དྲག་གི་ཐོན་སྐྱེད་ལས་འགན་ཡིན་ནའང་འདྲ། ཡང་ན་ཉེན་སེལ་མྱུར་བཟོའི་ལས་འགན་གང་ཡིན་རུང་། ཁོང་གིས་ཏང་ཡོན་འཕྲལ་རྒོལ་རུ་ཁག་གི་སྣེ་ཁྲིད་དེ་མདུན་དུ་བསྐྱོད་པ་དང་། ང་ཚོའི་བྱ་གཞག་ལ་སྣེ་ཁྲིད་བྱེད་མཁན་རེད་ཅེས་ཀུང་སིའི་སྒྲིག་ཆས་པུའུ་ཡི་པུའུ་ཀྲང་ཀྲུའུ་ཅེ་ཡིས་དེ་ལྟར་བཤད། 
     2015ལོར། བསྟན་འཛིན་དོན་གྲུབ་ཀྱིས་འཐག་འཁོར་རྐྱང་པའི་མ་ལག་འཁོར་སྐྱོད་བྱེད་ཚད་100%ཡི་ལོ་རྒྱུས་ཟིན་ཐོ་བཏོད་པ་དང་། ལོ་དེར་ཀུང་སིར་སྒྲིག་ཆས་ཞིག་གསོའི་རིན་པ་སྒོར་ཁྲི་100ལྷག་ཙམ་གྲོན་ཆུང་བྱས་པ་རེད། 
     2017ལོར། བསྟན་འཛིན་དོན་གྲུབ་ཀྱིས་འཁོར་ཁང་ནང་ཐལ་རྡུལ་དང་ས་རྡུལ་བསགས་པའི་སྣང་ཚུལ་ཡོད་པ་རྒྱུས་ལོན་བྱུང་། དེས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། བཟོ་པ་ཚོས་ས་རྡུལ་གཙང་སེལ་བྱེད་པར་དུས་ཚོད་ཆུད་ཟོས་དང་དཀའ་ལས་མྱོང་དགོས་ལ། སྒྲིག་ཆས་ལ་སྐྱོན་ཕོག་ཚད་ཀྱང་མང་དུ་འགྲོ་སྲིད། དེ་ནས་ཁོང་གིས་བཟོ་བའི་སྣེ་ཁྲིད་དེ་ལག་རྩལ་གསར་བཅོས་ཀྱི་ཇུས་གཞི་གྲོས་བསྡུར་བྱས་ཤིང་།  འཁོར་ཁང་དུ་ཉིན་20ལྷག་ལ་ལས་ཀ་བྱས་ནས་ཐལ་རྡུལ་བསགས་པའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་གློག་འཛད་ཚད་ཀྱང་ཇེ་ཉུང་དུ་བཏང་།  
     2018ལོ་ནས་བཟུང་། བསྟན་འཛིན་དོན་གྲུབ་ཀྱིས་བཟོ་གྲུབ་འཁོར་ཁང་གི་སྒྲིག་ཆས་བཟོ་རྩལ་མ་ལག་ལ་ལག་རྩལ་སྒྱུར་བཅོས་རབ་དང་རིམ་པ་བྱས་པ་དང་། སྒྲིག་ཆས་ཀྱི་སྐྱོན་ཆ་ཉུང་དུ་ཕྱིན་པ། ལས་བཟོའི་ངལ་རྩོལ་བྱེད་ཚད་དམའ་རུ་ཕྱིན་པ། མ་ལག་ལ་ཆག་སྐྱོན་ཉུང་དུ་ཕྱིན་ནས་འཁོར་སྐྱོད་བྱེད་ཚད་མཐོར་འདེགས་བྱུང་ཡོད། 
     2020ལོའི་ཟླ་6པར། འཁོར་སྐྱོད་འགན་ལེན་བྱེད་ཚད་98%ཟིན་པའི་སྔོན་འགྲོའི་ཆ་རྐྱེན་འོག ཀུང་སིས་ཨར་འདམ་ཏུན་ཁྲི་40ཐོན་སྐྱེད་བྱས་ནས་ཀུང་སི་བཙུགས་ཚུན་གྱི་ཟླ་རེར་ཨར་འདམ་ཐོན་ཚད་ཀྱི་ཟིན་ཐོ་བཏོད་ཡོད། 
     བསྟན་འཛིན་དོན་གྲུབ་ཀྱིས“སྤྱོད་གོ་ཆོད་པའི་འཁོར་ཁང་གི་དོ་དམ་ལམ་ལུགས་ནི་འགྲན་རྩོད་ཀྱི་དགོས་མཁོ་ཞིག་ཡིན་ལ་ཀུང་སི་རང་ངོས་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཞིག་ཀྱང་རེད”ཅེས་རྒྱུན་དུ་བཤད་བཞིན་ཡོད། བསྟན་འཛིན་དོན་གྲུབ་ཀྱིས《འཁོར་ཁང་གི་ལས་གནས་ལམ་ལུགས》སོགས་ནང་ཁུལ་གྱི་ལམ་ལུགས་ལ་སྔ་རྗེས་སུ་བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ། སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ནང་ཁུལ་གྱི་བྱས་འབྲས་དཔྱད་ཞིབ། ལས་གནས་འགན་འཁྲི་གསལ་པོ་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། ལས་མིའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་ནས། “བྱ་བ་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་ཚང་མ་དོན་འཁྱོལ་ཐུབ་པ”བྱས་ཡོད།
     “བདེ་འཇགས་ཐོན་སྐྱེད་ནི་ནམ་ཡང་སྣང་མེད་འཇོག་མི་རུང་བ་ཞིག་རེད། ང་ཚོས་ཉིན་ལྟར་ནང་ཁུལ་གྱི་བདེ་འཇགས་ཚོགས་འདུ་ཐེངས་རེ་འཚོགས་ནས། འཛིན་གྲྭ་རེའི་ལས་བྱེད་མི་སྣ་ལས་ཀར་མ་ཞུགས་གོང་སྐར་མ་5ཡི་སློབ་གསོ་བཏང་ནས། ལས་མིས་རང་སོ་སོའི་ལས་གནས་ཀྱི་བདེ་འཇགས་རྒྱུན་ཤེས་གསལ་པོ་ཤེས་པ་བྱས་ཏེ། མངོན་མེད་རྐྱེན་ངན་ཤེས་ཚེ་དུས་ཐོག་ཏུ་བཅོས་སྒྲིག་བྱེད་ཐུབ་པ་བྱས་ཡོད”ཅེས་བསྟན་འཛིན་དོན་གྲུབ་ཀྱིས་བཤད། བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་བརྒྱུད། ཀུང་སིའི་བཟོ་གྲུབ་འཁོར་ཁང་ལ་ལོ་6ལ་བསྟུད་མར་བདེ་འཇགས་ཐོན་སྐྱེད་ཐད་དོན་རྐྱེན་གཅིག་ཀྱང་ཐོན་མེད་པ་རེད།
     བསྟན་འཛིན་དོན་གྲུབ་ལ་2021ལོར་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པ་དང་། ད་ལོའི་ཟླ་6པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིར་བདམས་པ་རེད། ད་ཆ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བསྟན་འཛིན་དོན་གྲུབ་ཀྱིས་ཀུང་སིའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་བསམ་གཞིག་བྱེད་བཞིན་ཡོད། “སླད་ཕྱིན་གྱི་ལས་ཀའི་ནང་། ང་ཚོས་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་ལ་དམིགས་ནས་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས” ཅེས་བསྟན་འཛིན་དོན་གྲུབ་ཀྱིས་བཤད།  
༄༅།།དཀའ་སྤྱད་འབད་བརྩོན་གྱིས་མདུན་དུ་སྐྱོད་བཞིན་པའི་བསྟན་འཛིན་དོན་གྲུབ།