འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་23ཉིན།

༄༅།།རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཚབ་རྟགས་འགྲེམས་སྤེལ་སྒྲིག་གཞི་ཐོག་མ་དེ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་23ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་21ཉིན་ཀྲུང་གོའི་རྩ་གཉིས་ཨང་རྟགས་ཐོ་བཀོད་དང་བདེན་དཔང་ར་སྤྲོད་ལྟེ་གནས་ནས་ཤེས་རྟོགས་བྱས་པར། ཀྲུང་གོའི་རྩ་གཉིས་ཨང་རྟགས་ཐོ་བཀོད་དང་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱི་ལག་རྩལ་འདེགས་སྐྱོར་སྒྲིག་གཞི་ཡིན་པའི་ཀྲུང་ཀོན་གྲོང་ཚོའི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་རྩ་གཉིས་ཨང་རྟགས་ལག་རྩལ་ཞིབ་འཇུག་ཁང་ཉིད་ཉེ་ཆར་རྒྱལ་སྤྱིའི་ཚད་ལྡན་རྩ་འཛུགས་ཀྱི་ཞིབ་བཤེར་ཚད་ལོན་བྱུང་བ་རེད། ཁོང་ཚོས་གཙོ་ཁྲིད་བྱས་པའི“རྩ་གཉིས་ཨང་རྟགས་ཀྱི་མཚོན་རྟགས་གཅིག་གྱུར་ཐོ་བཀོད་དོ་དམ་ལྟེ་གནས”ལ་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་རེད། འདི་ནི་ཀྲུང་གོར་བཙུགས་པའི་གོ་ལ་ཧྲིལ་པོའི་ཚབ་རྟགས་འགྲེམས་སྤེལ་སྒྲིག་གཞི་ཐོག་མ་དེ་རེད།
        ཉེ་ཆར་ཀྲུང་ཀོན་གྲོང་ཚོའི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་རྩ་གཉིས་ཨང་རྟགས་ལག་རྩལ་ཞིབ་འཇུག་ཁང་གིས་རྒྱལ་སྤྱིའི་ཚད་གཞིISO/IEC 15459ཐོ་བཀོད་སྒྲིག་གཞིའི་ཞིབ་བཤེར་ཚད་ལོན་བྱུང་ནས་རྒྱལ་སྤྱིའི་ཚབ་རྟགས་འགྲེམས་སྤེལ་སྒྲིག་གཞིར་གྱུར་བ་དང་འགྲེམས་སྤེལ་བྱས་པའི་ཚབ་རྟགས་ནི“MA”རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཆོག་མཆན་ཐོབ་པའི“MA”ཨང་རྟགས་ནི་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་རྩ་འཛུགས་དང་། ཡོ་རོབ་ཀྱི་ཚད་ལྡན་ཨུ་ལྷན། རྒྱལ་སྤྱིའི་རང་འགུལ་ཤན་འབྱེད་དང་སྒུལ་བདེའི་ལག་རྩལ་མཐུན་ཚོགས་བཅས་རྒྱལ་སྤྱིའི་རྩ་འཛུགས་ཆེན་པོ་གསུམ་གྱིས་དབང་ཆ་སྤྲད་པ་དང་ཁས་ལེན་བྱེད་ཀྱི་ཡོད་པས་གོ་ལ་ཧྲིལ་པོའི་རྩ་གཉིས་ཨང་རྟགས་ཀྱི་གཅིག་གྱུར་མཚོན་རྟགས་ཀྱི་ཆེད་གཏོགས་ཚབ་རྟགས་སུ་གྱུར་ཡོད་པ་རེད།