མི་དམངས་དྲ་བ།

༄༅།།ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གྲོང་གསེབ་ཀྱི་དངུལ་རྩའི་ཁྲལ་འབབ་གཟིགས་
སྐྱོང་སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གྲོང་གསེབ་ཀྱི་དངུལ་རྩ་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་ཕྱིར། གྲོང་གསེབ་ཀྱི་དངུལ་རྩ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ཁྲལ་འབབ་སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུའི་བརྡ་ཐོ་བཏང་བ་རེད། བརྡ་ཐོའི་ནང་2017ལོའི་ཟླ་1ཚེས་1ཉིན་ནས་2019ལོའི་ཟླ་12ཚེས་31ཉིན་བར་དངུལ་རྩའི་སྒྲིག་གཞིའི་ཞིང་དུད་ཀྱི་གྲངས་ཉུང་དངུལ་བུན་སྐྱེད་ཀའི་ཡོང་འབབ་ལ་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་ལུགས་ཁ་གསལ་འཁོད་ཡོད་པ་རེད།
            2017ལོའི་ཟླ་1ཚེས་1ཉིན་ནས་2019ལོའི་ཟླ་12ཚེས་31ཉིན་བར་དངུལ་རྩའི་སྒྲིག་གཞིའི་ཞིང་དུད་ཀྱི་གྲངས་ཉུང་དངུལ་བུན་སྐྱེད་ཀའི་ཡོང་འབབ་དེ་འཇལ་དགོས་ངེས་ཀྱི་དཔྱ་ཁྲལ་རྩིས་རྒྱག་སྐབས་90%གཞིར་བཟུང་ནས་ཡོང་འབབ་ཀྱི་སྤྱི་འབོར་ནང་འཇུག་རྒྱུ་ཡིན་པ་རེད།
           2017ལོའི་ཟླ་1ཚེས་1ཉིན་ནས་2019ལོའི་ཟླ་12ཚེས་31ཉིན་བར་འགན་བཅོལ་ཀུང་སིས་འདེབས་འཛུགས་ལས་རིགས་དང་གསོ་ཚགས་ལས་རིགས་ལ་འགན་བཅོལ་ལས་སྒོ་མཁོ་འདོན་བྱས་པ་ནས་ཐོབ་པའི་འགན་བཅོལ་ཡོང་འབབ་དེ་འཇལ་དགོས་ངེས་ཀྱི་དཔྱ་ཁྲལ་རྩིས་རྒྱག་སྐབས་90%གཞིར་བཟུང་ནས་སྤྱི་འབོར་ནང་འཇུག་རྒྱུ་ཡིན་པ་རེད།
         བརྡ་ཐོ་འདི་པར་འགྲེམས་མ་བྱས་གོང་གནས་ཐང་འཕར་ཁྲལ་བསྡུས་ཟིན་རིགས་ཟླ་བ་རྗེས་མར་འཇལ་དགོས་ངེས་ཀྱི་གནས་ཐང་འཕར་ཁྲལ་དང་མགོ་གཏུག་གམ་ཕྱིར་བསློག་རྒྱུ་ཡིན་པ་རེད།