འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་8ཉིན།

༄༅།།ཞི་ཅིན་ཕིང་གིས་ཀྲུང་ཨུའི་མཛའ་གྲོགས་དང་ཞི་བདེ་དང་འཕེལ་རྒྱས་ཨུ་ལྷན་གྱི་ཕྱོགས་གཉིས་པོའི་
ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་ལྔ་པར་རྟེན་འབྲེལ་ཤིས་ཚིག་བསྒྲོན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་08ཉིན། 13:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན། ཀྲུང་ཨུའི་མཛའ་གྲོགས་དང་ཞི་བདེ་དང་འཕེལ་རྒྱས་ཨུ་ལྷན་གྱི་ཕྱོགས་གཉིས་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་ལྔ་པ་ཨུ་རུ་སུའི་གྲོང་ཁྱེར་ཧྥུའུ་ལཱ་ཏི་ཝོ་སི་ཐོ་ཁེ་རུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ལ་རྟེན་འབྲེལ་ཤིས་ཚིག་བསྒྲོན་པ་རེད།

     ཞི་ཅིན་ཕིང་གིས། ཀྲུང་ཨུའི་མཛའ་གྲོགས་དང་ཞི་བདེ་དང་འཕེལ་རྒྱས་ཨུ་ལྷན་བཙུགས་ནས་ལོ་ངོ་28སོང་རིང་། མཛའ་གྲོགས་དར་སྤེལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲིའི་རྒྱུན་བསྐྱངས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་ཨུའི་འབྲེལ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་བཏང་ཡོད། ཨུ་ཡོན་ལྷན་ཁང་གིས་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་འགྲོ་འོང་ཐབས་ལམ་གཙོ་བོའི་ནུས་པ་ཧུར་ཐག་བཏོན་ཏེ། དུས་རབས་གསར་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་དང་སྐྱིད་སྡུག་མཉམ་མྱོང་གི་མཛའ་གྲོགས་ཀྱི་ལེའུ་རྩོམ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

     དེ་ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྱང་ཚང་འཛོམས་གྲོས་ཚོགས་ལ་རྟེན་འབྲེལ་ཤིས་ཚིག་བསྒྲོན་པ་རེད།