འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།བྱང་ཆིངས་ཀྱིས་དམག་དཔུང་གཏོང་བའི་འཆར་གཞི་མེད་ཟེར། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་27ཉིན། བྱང་ཆིངས་ཀྱི་དྲུང་ཡིག་ཆེན་མོ་སི་ཐུའོ་ཨེར་ཐེང་པེ་ཀེས་ཡུག་རེན་ལ་དམག་དཔུང་གཏོང་རྒྱུའི་འཆར་གཞི་མེད་ཅེས་བཤད་པ་རེད། 
     ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གི་ཉིན་གཅིག་གོང་གི་གཏམ་བརྗོད་ལ་དམིགས་ནས། སི་ཐུའོ་ཨེར་ཐེང་པེ་ཀེས་བྱང་ཆིངས་རྒྱལ་ཁབ་ཀྱིས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་རིང་ཡུག་རེན་ལ་དམག་དཔུང་གཏོང་སྲིད་པའི་ཐད་བསམ་གཞིག་བྱེད་ཀྱིན་མེད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་དམག་འཐབ་དཔུང་སྡེ་ཡུག་རེན་དུ་བཀོད་སྒྲིག་བྱས་མེད་ཅེས་བཤད་པ་རེད། 
     ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་ཚེས་26ཉིན་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡུག་རེན་ལ་ས་ངོས་དཔུང་སྡེ་མངག་གཏོང་བྱེད་མིན་ཐད་ཐུན་མོང་གི་ངོས་འཛིན་བྱུང་མེད་ཅེས་བརྗོད་མོད། འོན་ཀྱང་ཁོང་གིས་འབྱུང་འགྱུར་ས་ངོས་དཔུང་སྡེ་མངགས་གཏོང་བྱེད་སྲིད་པའི་ངོས་འཛིན་བྱས་པ་རེད།