འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།ཨུ་རུ་སུའི་འཆར་གཞི་གསར་ཤོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཐ་སི་གསར་འགྱུར་ཁང་གིས་ཟླ་2ཚེས་27ཉིན་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་གསར་འགྱུར་མགྲིན་ཚབ་པ་ནོ་ཝ་ཁེ་ཡི་གནས་ཚུལ་དྲངས་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུ་སྲིད་གཞུང་གིས་2024ལོའི་ཟླ་3ཚེས་1ཉིན་ནས་བཟུང་། དུས་ཡུན་ཟླ་བ་དྲུག་གི་རླངས་སྣུམ་ཕྱིར་གཏོང་གི་གནས་སྐབས་བཀག་རྒྱ་ལག་ལེན་བསྟར་ཏེ། དཔྱིད་དུས་དང་དབྱར་དུས་རྒྱལ་ནང་གི་རླངས་སྣུམ་འཛད་སྤྱོད་ཀྱི་དགོས་མཁོ་འཕར་བར་ཁ་གཏད་གཅོག་རྩིས་ཡོད་པ་རེད། ཚོད་འཛིན་བྱེད་ཐབས་འདི་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་རྒྱལ་ཁབ་སོགས་ལ་སྤྱོད་རྒྱུ་མ་རེད། 
     2023ལོའི་ཟླ་9ཚེས་21ཉིན་ནས་ཟླ་11ཚེས་17ཉིན་བར། ཨུ་རུ་སུས་རླངས་སྣུམ་ཕྱིར་གཏོང་གི་གནས་སྐབས་བཀག་རྒྱ་ལག་ལེན་བསྟར་ཡོད། དེའི་དམིགས་ཡུལ་ནི་རྒྱལ་ནང་གི་རླངས་སྣུམ་ཁྲོམ་རའི་རིན་གོང་བརྟན་དུ་གཏོང་རྒྱུ་དེ་ཡིན་པ་དང་། ཁྲོམ་རར་འདང་བ་མ་ཟད་མཁོ་སྤྲོད་མང་དྲགས་རྗེས་བཀག་རྒྱ་དེ་མེད་པར་བཟོ་རྒྱུ་རེད།