འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།ས་ཆ་འདི་དག་ལ་ཁ་བ་ཆེན་པོ་འབབ་རྒྱུ་རེད།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་28ཉིན། བོད་ལྗོངས་ཀྱི་ཤར་རྒྱུད་དང་མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་དབུས་ལྷོ་རྒྱུད། ཉིང་ཞ་ཡི་དབུས་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་འབྲིང་བ་ནས་ཁ་བ་ཆེན་པོ་འབབ་རྒྱུ་དང་། ཧུའུ་པེའི་ཤར་ལྷོའི་རྒྱུད་དང་ཧུའུ་ནན་གྱི་དབུས་རྒྱུད། ཅང་ཞིའི་དབུས་རྒྱུད་དང་བྱང་རྒྱུད། ཅང་སུའུ་དང་ཨན་ཧུའེ་ལྷོ་རྒྱུད། ཧྲང་ཧའེ། ཀྲེ་ཅང་གི་དབུས་རྒྱུད་དང་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ཤར་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་དང་ཆར་ཆེན་འབབ་རྒྱུ་དང་། ཀུའེ་ཀྲོའུ་ནུབ་རྒྱུད་ཀྱི་ས་ཆ་ཁ་ཤས་སུ་འཁྱགས་ཆར་ཡོད།