འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།སྤུས་ཚད་དང་། ལས་ཕྱོད། སྒུལ་ཤུགས་བཅས་འཕོ་འགྱུར་ ཡོང་བར་སྐུལ་འདེད་གཏོང་དགོས།

—— འཐུས་མི་དང་ཨུ་ཡོན་ཚོས་སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་དགོས་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ལིན་ལི་ལི།
     སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རང་རྒྱལ་གྱི་དཔལ་འབྱོར་ཆེ་བ་ནས་སྟོབས་ཆེར་སྒྱུར་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད་ལ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་སྐོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོས་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལ་གཞོལ་ནས་སྤུས་ཚད་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་ཕྱོགས་ཡོངས་ནས་སྤུས་ཚད་ལ་དོ་དམ་དང་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་དང་། ལས་ཕྱོད། སྒུལ་ཤུགས་བཅས་ཀྱི་འཕོ་འགྱུར་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད”ཅེས་གསུངས་ཡོད།
     སྤུས་རྟགས་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད་ལ། སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ཆེན་གྱི་ནང་གནས་ཀྱི་འདེགས་སྐྱོར་ཞིག་ཀྱང་རེད།
     ཧྥིང་ལུའོ་ཧྲེ་ཕོར་པ་ཆུང་ཆུང་གང་གིས་སྤུས་རྟགས་ཀྱི་སྟོབས་ཤུགས་ལ་དཔང་པོ་བྱས་ཡོད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཀོང་ཤིས་ལིའུ་ཀྲོའུ་ཡི་ཧྥིང་ལུའོ་ཧྲེ་ཚོང་ཁང་ཞིག་གི་ཚོང་ཡག་པོ་ཡོད་ལ། ཚོང་ཁང་ཁག་གི་ཐད་གཏོང་ཁང་དུ་ལས་དུས་འཕར་མ་བྱས་ནས་འཚོང་གི་ཡོད། 2023ལོར་ལིའུ་ཀྲོའུ་ཡི་ཧྥིང་ལུའོ་ཧྲེའི་སྤུས་རྟགས་ཀྱི་ཕན་འབྲས་མུ་མཐུད་རྒྱ་ཆེར་ཕྱིན་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་656ཟིན་ཏེ་དུས་མཚུངས་ལས་9.2%འཕར་ཡོད།
     “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བསྲུངས་པ་མ་ཟད། ཚད་གཞི་ཅན་དང་སྤུས་རྟགས་ཅན་ལ་སྐུལ་འདེད་བཏང་སྟེ་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ཡོད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀོང་ཤིས་བཟའ་བཅའ་དང་སྨན་རྫས་ཞིབ་དཔྱད་ལྟ་བཤེར་ལྟེ་གནས་ཕྱོགས་བསྡུས་ལས་སྒོ་ཁོའོ་ཡི་འགན་འཁུར་བ་ཆིན་ཆིང་ཧྥང་གིས་ད་ཆ་ལིའུ་ཀྲོའུ་ཡི་ཧྥིང་ལུའོ་ཧྲེ་ཁྲོམ་གཞུང་ནས་རྒྱལ་ཡོངས་དང་འཛམ་གླིང་དུ་ཁྱབ་ཡོད། 2023ལོར་ལིའུ་ཀྲོའུ་ཡི་ཧྥིང་ལུའོ་ཧྲེའི་ཕྱིར་གཏོང་ཡོང་འབབ་སྒོར་དུང་ཕྱུར་1.0125ཙམ་ཟིན་ནས་དུས་མཚུངས་ལས་38.2%འཕར་ཡོད་ཅེས་གསུངས།
     ཚན་རྩལ་གསར་གཏོད་ནི་སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་བཏང་ནས་ལེགས་ལྡན་ཁྱབ་ཁོངས་དང་། ཐུན་མོང་རང་བཞིན་གྱི་ལག་རྩལ། འགག་རྩའི་ལག་རྩལ་བཅས་ཀྱི་ཚད་བརྒལ་གལ་ཆེན་མངོན་འགྱུར་ཧུར་ཐག་བྱས་ནས་ཀྲུང་གོས་ བཟོས་པ་ནས་ཀྲུང་གོས་གསར་གཏོད་ཕྱོགས་སུ་སྒྱུར་བ་དང་། ཀྲུང་གོའི་མྱུར་ཚད་དེ་ཀྲུང་གོའི་སྤུས་ཚད་ཕྱོགས་སུ་སྒྱུར་བ། ཀྲུང་གོའི་ཐོན་རྫས་དེ་ཀྲུང་གོའི་སྤུས་རྟགས་ཕྱོགས་སུ་སྒྱུར་བ་བཅས་ལ་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།
     “སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་པར་ངེས་པར་དུ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སུ་མགྱོགས་མྱུར་ཕྱོགས་སྒྱུར་བྱས་ཏེ་ཁེ་ལས་ཀྱི་ལས་ཕྱོད་དང་སྒུལ་ཤུགས་ཀྱི་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་དགོས”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་ཤིན་ཐའེ་ཧྥུའུ་ཐེ་ལྕགས་དང་ངར་ལྕགས་ཚོགས་པའི་ཏུང་ཧྲི་ཀྲང་ཆན་ཀང་གིས་གསུངས།
     ཀྲུང་ཤིན་ཐའེ་ཧྥུའུ་ཐེ་ལྕགས་དང་ངར་ལྕགས་ཚོགས་པའི་གཤམ་འོག་གི་ཅང་དབྱིན་ཤིང་ཁྲེང་དམིགས་བསལ་ལྕགས་དང་ངར་ལྕགས་ཚད་ཡོད་ཀུང་སིའི་བཟོ་གྲྭར་སྐྱོད་སྐབས། གྲངས་འཛིན་རིག་ལྡན་ལྟེ་གནས་ཐོག་བརྩེགས་ཀྱི་བརྙན་ཤེལ་ཆེན་པོ་ནས་མ་བཅོས་རྒྱུ་ཆའི་གྲུ་ཁ་དང་། ལྕགས་བཞུ། ངར་ལྕགས་བཙོ་སྦྱངས་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གྲངས་གཞི་མཐོང་ཐུབ།
     ཨུ་ཡོན་ཆན་ཀང་གིས་ལོ་དེ་དག་ནང་ཀུང་སིས་ལྗང་མདོག་དང་རིག་ནུས་བཟོ་སྐྲུན་ཟུང་དུ་འབྲེལ་བའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་པ་སྐྱེད་སྲིང་ཧུར་ཐག་བྱས་པ་མ་ཟད། ནུས་རྒྱུ་གསར་པ་དང་། ཆ་འཕྲིན་ལག་རྩལ། རྒྱུ་ཆ་གསར་པ་སོགས་ཁྱབ་ཁོངས་ལ་དམིགས་ནས་ལྗང་མདོག་རིག་ནུས་བཟོ་སྐྲུན་ཐོན་ལས་ཀྱི་དཔེ་མཚོན་ཚད་ཤིང་བཏོད་ཡོད། བཟོ་གྲྭས་སྡོད་བྱ་མི་དགོས་པའི་ཚ་རླུང་ཐབ་རིག་ནུས་སྲེག་ཐབ་མ་ལག་3རང་བརྟེན་ཞིབ་བཟོ་བྱས་རྗེས། སོལ་རླུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་1ཙམ་གྲོན་ཆུང་ཐུབ་པ་དེ་ཐཱན་འབུད་ཉུང་གཏོང་ཏུན་ཁྲི་10ཙམ་དང་མཚུངས་ཡོད་ཅེས་ངོ་སྤྲོད་བྱས།
     སྤུས་ཚད་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འགན་སྲུང་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་སྤུས་ཚད་ཁྱབ་ཁོངས་ཀྱི་འཕོ་འགྱུར་དང་གསར་གཏོད་བྱེད་ཐེངས་རེར་ཐོན་སྐྱེད་ལག་རྩལ་ཡར་ཐོན་ལ་སྐུལ་འདེད་ཐེབས་པ་མ་ཟད། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་ཡོད”ཅེས་ནན་བཤད་གནང་ཡོད།
     “སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པ་དང་སྤུས་ཚད་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་སྤུས་ཚད་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤུས་ཚད་ཀྱི་ནུས་པ་དེ་བས་མངོན་པར་བྱེད་དགོས”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཅང་ཤིས་ཞིང་ཆེན་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་བཅས་ཡིན་པའི་ཧྥན་ཀྲ་ཀེན་གྱིས་གསུངས།
     སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་རམ་འདེགས་བྱ་ཆེད། ཅང་ཤིས་ཅི་ཨན་སུའེ་ཁྲོན་རྫོང་ཁྲལ་དོན་ཅུས་ཀྱིས“རྙིང་ཁུངས་མིང་ཅན་ཆེད་བསྐོས་ཚན་ཁག”བཙུགས་ནས། “ཀྲུང་ཧྭ་རྙིང་ཁུངས་མིང་ཅན”ཁེ་ལས་ལ་སྲིད་ཇུས་དྲིལ་བསྒྲགས་དང་ཞབས་འདེགས་ཞུས་ཏེ་གཅིག་གཏད་གཅིག་གི་སྒོ་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་། མཁོ་སྤྲོད། བྲིན་ཚོང་བཅས་ཀྱི་དཀའ་གནད་སེལ་རོགས་བྱས་ཡོད། ཅིང་ཏེ་ཀྲེན་གྱིས་ཁེ་ལས་རྙིང་ཁུངས་མིང་ཅན་ལ་དམིགས་ནས“རྫ་དཀར་རིག་ནུས་དཔྱ་ཁྲལ”གྱི་དོ་དམ་བྱེད་ཐབས་བཏོན་ནས་ལག་བཟོས་རྫ་ཆས་ཁེ་ལས་དང་རྫ་དཀར་དྲ་ཐོག་ཚོང་དོན་ལ་ཐད་ཀར་ཟུར་ཁྲིད་བྱས་པ་མ་ཟད། གཟིགས་སྐྱོང་སྲིད་ཇུས་གནད་འཁེལ་སྤྱད་དེ་དྲ་ཐོག་ཚོང་དོན་གྱི་དུས་རབས་སུ་རྙིང་ཁུངས་མིང་ཅན་གྱི་གསོན་ཤུགས་གསར་པ་འཕེལ་བ་བྱས་པ་དང་འབྲེལ་འཛད་སྤྱོད་པའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐངས་ཡོད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲུང་གོ་འཛུགས་སྐྲུན་ཅུས་ལྔ་པའི་སྤྱི་ཁྱབ་འགན་གཙང་ཀུང་སིའི་རྣམ་གྲངས་སྤུས་ཚད་སྤྱི་ཁྱབ་ལྟ་ཞིབ་པ་ཙའུ་པིན་གྱིས་སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཁྲོམ་རའི་འགྲན་རྩོད་ཁྲོད་སྤུས་ཚད་མཐོ་རུ་གཏོང་བའི་འཇུག་འཐུས་ཚད་གཞི་མཐོ་རུ་བཏང་སྟེ། སྤུས་ཚད་སྤུས་རྟགས་ཀྱི་སྤྱི་ཚོགས་རྣམ་པ་གཏོད་དགོས་པའི་ངོས་འཛིན་གནང་བ་རེད།
     འཐུས་མི་དང་ཨུ་ཡོན་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོར་བྱེད་པ་དང་། མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་བ་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ། སྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ། སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་ཡོད།
     (པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)