འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་28ཉིན།

༄༅།།“སུམ་རྩེན་ཕོ་བྲང་གི་པར་རིས་འགྲེམས་སྟོན”སྐབས་གསུམ་པ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་28ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་རི་མོའི་བརྩམས་ཆོས“སུམ་རྩེན་ཕོ་བྲང”དུ་ འགྲེམས་སྟོན་བྱས་པ།
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་2ཚེས་23ཉིན“སུམ་རྩེན་ཕོ་བྲང་གི་པར་རིས་འགྲེམས་སྟོན”སྐབས་གསུམ་པ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བྱས་པ་རེད། བར་སྣང་ཁམས་སུ་གཞུང་དོན་སྒྲུབ་བཞིན་པའི་ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་འཁོར་ལམ་དུ་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བསམ་གཞིག་བྱེད་པའི་མཛེས་སྡུག་ལྡན་པའི་རི་མོ་འགྲེམས་སྟོན་དང་ངོ་སྤྲོད་བྱས་པ་རེད།
   སྐབས་འདིའི་རི་མོའི་འགྲེམས་སྟོན་ནི་2023ལོའི་ཟླ་10པ་ནས་དངོས་སུ་བྱེད་འགོ་ཚུགས་པ་དང་རི་མོ་53ཐོ་བཀོད་བརྩམས་ཆོས་ཁྲི་2ལྷག་ཙམ་ཁྲོད་ནས་འབུར་དུ་ཐོན་ཏེ་ལྷ་གྲུ་ཨང་བདུན་པའི་ཟོག་འདྲེན་འཕུར་གྲུ་དང་མཉམ་དུ་ཀྲུང་གོའི་བར་སྣང་ས་ཚིགས་སུ་འབྱོར་ཞིང་། དེའི་ཁྲོད་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་སློབ་མ་ཧྲི་ཙེ་མའོ་ཡི་རི་མོའི་བརྩམས་ཆོས《བོད་ཀྱི་ལོ་ཆུང་ཚོས་2035ལོར་བསམ་གཞིག་བྱེད》ཅེས་པ་བདམས་ཐོན་བྱུང་བ་དང་རི་མོ་དེ་ཆ་ཤས་གཉིས་པའི་ནང་འགྲེམས་སྟོན་བྱས་པ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། རི་མོའི་འགྲེམས་སྟོན་དེ“ཕྲུ་གུ་ཚོའི་མིག་ནང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན”དང་། “དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་དེང་རབས་ཅན”“དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན”“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན”“ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་དེང་རབས་ཅན”སོགས་ཆེད་དོན་ལ་དམིགས་ནས་བྱས་པ་རེད།