འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་27ཉིན།

༄༅།།ཕུའུ་ཅིང་གིས་བཀའ་རྒྱ་འདིར་མིང་རྟགས་བཀོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 02ཚེས་27ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཚེས་26ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་དེ་ལེ་ཉིང་ཀེ་ལེར་དམག་ཁུལ་དང་མོ་སི་ཁོའི་དམག་ཁུལ་བཙུགས་པ་རེད། 
     ཙུང་ཐུང་གི་བཀའ་རྒྱར་གཞིགས་ན། ལེ་ཉིང་ཀེ་ལེའི་དམག་ཁུལ་གྱི་ཁོངས་གཏོགས་ཁུལ་ནི་ཁ་ལེ་ལི་ཨ་སྤྱི་མཐུན་རྒྱལ་ཁབ་དང་། ཁོ་སྨི་སྤྱི་མཐུན་རྒྱལ་ཁབ། ཨའར་ཧན་ཀེར་སི་ཁེ་མངའ་སྡེ། ཝོ་ལུའོ་ཀེ་ཏ་མངའ་སྡེ། ཅ་ལི་ཉིང་ཀེ་ལེ་མངའ་སྡེ། ལེ་ཉིང་ཀེ་ལེ་མངའ་སྡེ། མོར་མན་སི་ཁེ་མངའ་སྡེ། ནོ་ཕུའུ་ཀེ་ལུའོ་ཏེ་མངའ་སྡེ། ཕུའུ་སི་ཁོ་ཕུའུ་མངའ་སྡེ། པི་ཏེ་གྲོང་ཁྱེར། ཉེ་ཉེ་ཚེ་རང་སྐྱོང་ལྗོངས་བཅས་རེད། 
     མོ་སི་ཁོའི་དམག་ཁུལ་གྱི་མངའ་ཁོངས་ནི་པིའར་ཀོ་ལུའོ་ཏེ་མངའ་སྡེ་དང་། པུའུ་ལེང་སི་ཁེ་མངའ་སྡེ། ཧྥུ་ལ་ཅི་སྨིར་མངའ་སྡེ། ཨའོ་ལུའོ་ཉེ་རི་མངའ་སྡེ། དབྱི་ཝན་ནུའོ་ཝོ་མངའ་སྡེ། ཁ་ལུའུ་ཅ་མངའ་སྡེ། ཁོ་སི་ཐེ་ལུའོ་མངའ་སྡེ། ཁུའར་སི་ཁེ་མངའ་སྡེ། ལི་ཕེ་ཚི་ཁེ་མངའ་སྡེ། མོ་སི་ཁོ་མངའ་སྡེ། ཞ་ནོ་ཧྥུ་ཀོ་ལོ་ཏེ་མངའ་སྡེ། ཨའོ་ཨེར་མངའ་སྡེ། ལིའང་ཙའོ་མངའ་སྡེ། སི་མོ་སི་ཁེ་མངའ་སྡེ། མོ་ཧྥུ་མངའ་སྡེ་བཅས་རེད། 
     གོང་གསལ་གྱི་དམག་ཁུལ་ཁང་དེ་གཉིས་ཀྱི་སྲིད་འཛིན་ས་ཁོངས་ནི་དེ་སྔའི་ཨུ་རུ་སུའི་ནུབ་རྒྱུད་དམག་ཁུལ་ཁང་གི་བདག་སྐྱོང་ས་ཁོངས་ཡིན།