འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞ་རྒྱལ་རབས་སྐབས་ཀྱི་ཕོ་བྲང་བཟོ་སྐྲུན་ཚོགས་ཤིག་རྙེད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་21ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   གསར་འགོད་པས་དེ་ཉིན་འཚོགས་པའི་2023ལོའི་ཧོ་ནན་གནའ་རྫས་རྟོག་ཞིབ་ལས་དོན་གྱི་གྲུབ་འབྲས་སྤེལ་རེས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཧོ་ནན་ཞིན་སྨི་གནའ་གྲོང་གི་གནའ་ཤུལ་ནས་ཁང་པ་བཞི་བསྐོར་རྣམ་པའི་ཕོ་བྲང་བཟོ་སྐྲུན་ཚོགས་པ་ཞིག་རྙེད་པ་དེས་ཞ་རྒྱལ་རབས་ཀྱི་ཕོ་བྲང་བཟོ་སྐྲུན་འབྱུང་ཁུངས་ཐད་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གསར་པ་མཁོ་འདོན་བྱས་ཡོད།
   གནའ་ཤུལ་དེ་ནི་ཧོ་ནན་ཞིང་ཆེན་གྱི་ཞིན་སྨི་གྲོང་ཁྱེར་ཀྲེན་ཆུའི་ཤར་འགྲམ་གྱི་སྟེགས་བུའི་ཐོག་གནས་པ་དང་། ངོས་སྙོམས་གྲུ་བཞི་ནར་དབྱིབས་ཤིག་ཡིནཔ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་17.6ལྷག་ཙམ་ཡོད། དེ་ནི་གཞི་ཁྱོན་ཆེ་བ་དང་ཉར་ཚགས་ཅུང་ཆ་ཚང་བའི་ལུང་ཧྲན་དུས་རབས་ཀྱི་དུས་མཇུག་གི་མཁར་རྫོང་ཞིག་ཡིན་པ་དང་། ཞ་རྒྱལ་རབས་ཀྱི་དུས་སུ་སླེབས་ཡོད།