༄༅།།འོ་མ་བཞོ་བའི་འགྲན་བསྡུར་སྤེལ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 08ཚེས་29ཉིན། 11:22】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་8ཚེས་25ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་གིས་ནོར་གནག་དུས་ཆེན་སྐབས་བཅུ་གཅིག་པའི་འོ་མ་འཇོ་བའི་འགྲན་བསྡུར་སྤེལ་བ་རེད། ཧུང་ཡོན་རྫོང་ནི་རྨེ་བའི་ནོར་གནག་ཐོན་ཁུལ་གཙོ་བོ་དེ་ཡིན་པ་དང་། འོ་མ་བཞོ་རྒྱུ་ནི་ས་གནས་དེ་གའི་འབྲོག་པ་ཚོས་ཐོན་སྐྱེད་དང་འཚོ་བ་བྱེད་སྟངས་གལ་ཆེན་ཞིག་ཡིན། ས་གནས་དེ་གས་འགྲན་བསྡུར་སྤེལ་བ་བརྒྱུད་མི་མང་བས་ནོར་གནག་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྒྱུས་ལོན་ཐུབ་པ་བྱ་རྒྱུ་དེ་རེད།
【1】
【2】