༄༅།།ཕྲུ་གུ་གཉིས་བཙས་ན་སྒོར་7000དང་གསུམ་བཙས་ན་25000སྤྲོད་རྒྱུ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 08ཚེས་08ཉིན། 13:39】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། ཧང་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་《ཧང་ཀྲོའུ་གྲོང་ཁྱེར་གྱི་བུ་བཙའི་ཁ་གསབ་ལག་བསྟར་བྱ་ཐབས་(ཚོད་ལྟའི་ལག་བསྟར་)》(གཤམ་དུ་《བྱ་ཐབས་》ཞེས་བརྗོད་རྒྱུ་)སྐོར་གྱི་བརྡ་ཐོ་དངོས་སུ་བཏང་བ་རེད། བརྡ་ཐོའི་བླང་བྱ་གཞིར་བཟུང་།《བྱ་ཐབས་》དེ་ཟླ་9ཚེས་10ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
ད་ལོ་ཧང་ཀྲོའུ་ཡི་དམངས་འཚོའི་བྱ་བ་དངོས་བཅུ་ཡི་ནང་། སྐྱེས་མ་ཐག་ཡིན་པ་དང་ཐེམ་ཐོ་ཧང་ཀྲོའུ་རུ་ཐོ་འགོད་བྱས་པའི་ཕྲུ་གུ་གཉིས་དང་ཕྲུ་གུ་གསུམ་ཡོད་པའི་ཁྱིམ་ཚང་ལ་ཧང་ཀྲོའུ་ཡིས་ཕྲུ་གུ་གསོ་བྱེད་ཁ་གསབ་སྤྲོད་རྒྱུ་ཡིན་པ་དང་། ཞིབ་ཕྲའི་དངུལ་གྲངས་ནི་ཕྲུ་གུ་གཉིས་ཡོད་པའི་ཁྱིམ་ཚང་ལ་སྤྲོད་ཐེངས་གཅིག་ལ་ཁ་གསབ་སྒོར་5000དང་། ཕྲུ་གུ་གསུམ་ཡོད་པའི་ཁྱིམ་ཚང་ལ་སྤྲོད་ཐེངས་གཅིག་ལ་ཁ་གསབ་སྒོར་20000སྤྲོད་རྒྱུ་ཡིན་”ཞེས་བཤད་པ་རེད།
《བྱ་ཐབས་》ཀྱི་གཏན་འབེབས་ལྟར་ན། ཁ་གསབ་དེ་རིགས་གཉིས་སུ་དབྱེ་ཡོད་པ་སྟེ། གཅིག་ནི་ཕྲུ་གུ་འཁོར་རིང་དང་སྐྱེ་རིང་གི་ཁ་གསབ་དང་། གཞན་ཞིག་ནི་ཕྲུ་གུ་གསོ་བྱེད་ཀྱི་ཁ་གསབ་ཡིན་ཞིང་། སྤྲོད་ཐེངས་གཅིག་རང་ལ་དངུལ་སྨར་སྤྲོད་རྒྱུ་ཡིན་པ་རེད།