༄༅།།ས་ཡོམ་རིམ་པ་4.3བརྒྱབ་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་09ཉིན། 11:19】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་6ཚེས་9ཉིན་གྱི་ཆུ་ཚོད་2དང་སྐར་མ་34ཡི་ཐོག་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་(བྱང་གི་འཕྲེད་ཐིག་ཏུའུ་33.19དང་ཤར་གྱི་གཞུང་ཐིག་ཏུའུ་84.88) དུ་ས་ཡོམ་རིམ་པ་4.3བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་10ཡིན་པ་རེད།