༄༅།།བོད་ལྗོངས་ཀྱི་རྫོང་འདིའི་བསྐོ་འཐེན་མིང་ཐོ་གསར་ཤོས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་08ཉིན། 15:18】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདམ་གཞུང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་མིང་ཐོ།
(2023ལོའི་ཟླ་6ཚེས་5ཉིན་འདམ་གཞུང་རྫོང་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ།)
གོ་གནས་ཕྱིར་འཐེན་བྱས་དོན།
བློ་མཐུན་བསོད་ནམས་རྡོ་རྗེ་ཡི་འདམ་གཞུང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གི་གོ་གནས་དང་། བློ་མཐུན་ཚེ་རིང་དོན་གྲུབ་ཀྱི་འདམ་གཞུང་རྫོང་ནོར་སྲིད་ཅུས(གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན)ཀྱི་ཅུས་ཀྲང་(ཀྲུའུ་རེན)ཀྱི་གོ་གནས་དང་། བློ་མཐུན་ཕུར་བུ་བཀྲ་ཤིས་ཀྱི་འདམ་གཞུང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་པ་རེད།
གོ་གནས་བསྐོ་གཞག་བྱས་དོན།
བློ་མཐུན་ཐུབ་བསྟན་ཚེ་རིང་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་། བློ་མཐུན་ཚེ་རིང་དོན་གྲུབ་འདམ་གཞུང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་དང་། བློ་མཐུན་ཕུར་བུ་བཀྲ་ཤིས་འདམ་གཞུང་རྫོང་ནོར་སྲིད་ཅུས(གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན)ཀྱི་ཅུས་ཀྲང་(ཀྲུའུ་རེན)བཅས་ཀྱི་གོ་གནས་བསྐོ་གཞག་བྱས་པ་རེད།