འཚོལ་བཤེར།   
藏文频道
2023ལོའི་ཟླ་6ཚེས་8ཉིན།

༄༅།།ཁྲིམས་ལྟར་མི་4བཟུང་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲིམས་ལྟར་མི་4བཟུང་འདུག
   རྐུ་འཕྲོག་དང་མགོ་སྐོར་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་མངོན་གསལ་དོད་པོར་རྡུང་རྡེག་ཚ་ནན་གཏོང་ཆེད། སྣེ་གདོང་ཁུལ་སྤྱི་བདེ་ཅུད་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་“རྡུང་རྡེག་ནན་པོ་ལྔ་དང་འཛུགས་སྐྱོང་གཉིས་”ཀྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས། ད་ཆ་གྱོད་གཞི་ཐོན་པར་དབྱེ་ཞིབ་དང་བརྡར་གཅོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། གྱོད་གཞིའི་ཁུངས་སྣེར་ཞིབ་བཤེར་ཞིབ་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ནུས་ཤུགས་ཡོད་རྒུས་རྡུང་རྡེག་བཏང་སྟེ། མང་ཚོགས་ལ་གྱོང་གུན་མི་ཕོག་པར་བྱས་པ་རེད། ཉེ་ཆར། སྣེ་གདོང་ཁུལ་གྱི་ཉེས་དོན་ཉེན་རྟོག་པས་རྐུ་མའི་གྱོད་གཞི་2དང་འཕྲོག་བཅོམ་གྱོད་གཞི་1མགྱོགས་མྱུར་རྩད་ཆོད་ནས། ཉེས་གསོག་དོགས་ཅན་4བཟུང་བ་རེད། 
   ཟླ་5ཚེས་30ཉིན་གྱི་ཆུ་ཚོད་11ཡོལ་ཙམ་ལ་ཉེས་དོན་ཉེན་རྟོག་རུ་ཆེན་ལ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་བ་དང་། མི་རིགས་ལམ་གྱི་ཟ་ཁང་2སུ་རྐུ་མའི་གྱོད་གཞི་ཐོན་ནས་སོ་སོར་དངུལ་སྨར་སྒོར་2597དང་སྒོར་2300ལྷག་ཙམ་རྐུས་ཡོད་པ་རེད། གྱོད་དོན་སྙན་སེང་འབྱོར་རྗེས། ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་འཕྲལ་མར་གྱོད་དོན་བྱུང་སར་བསྐྱོད་དེ་བརྟག་དཔྱད་དང་དཔང་རྟགས་འཚོལ་ཐབས་བྱས་པ་རེད། མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ཨོ་ཆེ་གེ་མོ་དང་། རྒྱལ་ག་གེ་མོ། ཨོ་ཆེ་གེ་མོ་བཅས་གཏན་འཁེལ་ཐུབ་པ་མ་ཟད། ཟླ་5ཚེས་30ཉིན་གྱི་ཆུ་ཚོད་18ཙམ་ལ། ཧུའུ་པེ་ལམ་ཆེན་གྱི་ཟ་ཁང་ཞིག་གི་ལས་བཟོའི་ཉལ་ཁང་ནང་མི་འདི་3པོ་བཟུང་བ་རེད། འདྲི་རྩད་བྱས་པ་བརྒྱུད། ཨོ་ཆེ་གེ་མོ་དང་། རྒྱལ་ཆེ་གེ་མོ། ཨོ་ཆེ་གེ་མོ་བཅས་ཀྱིས་རྐུ་བརྒྱབ་པའི་དོན་དངོས་ཁས་བླངས་པ་རེད། ད་ཆ་མི་འདི་དག་3པོར་ཁྲིམས་ལྟར་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཅིང་། གྱོད་དོན་མྱུལ་ཞིབ་སྔར་ལྷག་བྱེད་བཞིན་ཡོད་པ་རེད།
   ཟླ་3པའི་ཚེས་27ཉིན། ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཉི་ཆེ་གེ་མོའི་གྱོད་དོན་སྙན་ཞུ་འབྱོར་ནས་བཤད་དོན། རང་ཁྱིམ་ཚོང་ཁང་གི་ཤེལ་སྒོ་ཕྱེས་ཤིང་། དངུལ་སྒམ་ནང་གི་སྒོར་2000ལྷག་ཙམ་དང་སྒྲོམ་སྟེགས་སྒང་གི་སྒོར་200རི་བའི་ཐ་མག་རྐུས་འདུག་ཟེར། ཟླ་4ཚེས་25ཉིན། ཉེས་དོན་ཉེན་རྟོག་རུ་ཆེན་ལ་རྩེད་ཐང་ཁྲོམ་གཞུང་དོན་གཅོད་ཁྲུའི་སྤྱི་བདེ་མངགས་གཏོང་ཁང་གིས་གྱོད་གཞི་རྩིས་སྤྲོད་བྱས་པ་འབྱོར་རྗེས། ཁོངས་གཏོགས་ཚོང་ཁང་ཞིག་གི་སྒོ་ཕྱེ་ནས་ཚོང་ཁང་དེའི་ནང་གི་རིན་ཐང་སྒོར་16740ཟིན་པའི་ཐ་མག་བརྐུས་ཡོད་པ་རེད། ཟླ་5པའི་ཚེས་8ཉིན། ཉེས་དོན་ཉེན་རྟོག་རུ་ཆེན་ལ་མ་ཆེ་གེ་མོས་གྱོད་དོན་སྙན་ཞུ་བྱས་ཏེ་བཤད་དོན། རྐུན་མས་རང་ཁྱིམ་ཚོང་ཁང་གི་སྒོ་གླེགས་བཅག་པ་དང་། ཚོང་ཁང་ནང་གི་VIVOཁ་པར་4དང་། OPPOཁ་པར་3 རུང་ཡའོ་རྟགས་ཅན་ལག་ཁྱེར་ཁ་པར་5 ལན་ཡཱ་རྣ་ཉན་ཆ་4 ལའོ་ལའེ་ཧྲི་ལག་འདོགས་འཕྲུལ་ཆས་ཆུ་ཚོད་1 རིག་ནུས་ཆུ་ཚོད་འགའ་དང་དངུལ་སྨར་སྒོར་བརྒྱ་ལྷག་ཙམ་རྐུས་འདུག་ཟེར། གྱོད་དོན་སྙན་ཞུ་འབྱོར་རྗེས། སྣེ་གདོང་ཁུལ་སྤྱི་བདེ་ཅུད་ཏང་ཨུད་ཀྱིས་མཐོང་ཧ་ཅང་ཆེན་པོ་བྱས་ནས། ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཉེན་རྟོག་པ་ཧྲག་སྒྲུག་སྒྲིག་འཛུགས་བྱེད་དུ་བཅུག་ནས། འཕྲལ་མར་མྱུལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
   བཅར་འདྲི་མང་པོ་བྱས་པ་བརྒྱུད། ཝང་ཆེ་གེ་མོས་བྱས་ཉེས་བསགས་པའི་དོགས་པ་ཆེན་པོ་ཡོད་པ་གཏན་འཁེལ་བྱས། ཕྱོགས་མང་པོའི་ཐད་འབད་བརྩོན་བྱས་པ་བརྒྱུད། ཟླ་5ཚེས་30ཉིན། མི་དམངས་ཉེན་རྟོག་པས་ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་ཏེང་ཀྲོའུ་གྲོང་ཚོར་ཝང་ཆེ་གེ་མོ་བཟུང་བ་རེད། འདྲི་ཞིབ་བྱས་པར་བརྒྱུད། ཝང་ཆེ་གེ་མོས་རང་གི་བརྐུ་འཕྲོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་བྱས། ད་ལམ། ཝང་ཆེ་གེ་མོར་ཁྲིམས་ལྟར་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་དེ། ཆུ་ཚོད་4དང་རྣ་ཉན་1འདེད་ལེན་ཐུབ་ཅིང་། གྱོད་དོན་མྱུལ་ཞིབ་སྔར་ལྷག་བྱེད་བཞིན་ཡོད་པ་རེད།
༄༅།།ཁྲིམས་ལྟར་མི་4བཟུང་འདུག