༄༅།།མྱང་ཆུའི་འགྲམ་དུ་ཤིང་འབྲས་དང་སྔོ་ཚལ་གྱི་དྲི་ཞིམ་འཐུལ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་07ཉིན། 10:41】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་ལྟ་སྐོར་བས་པ་སྣམ་གྱི་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དུས་ཆེན་སྐབས་བཅུ་པར་ཤིང་འབྲས་ཉོ་བཞིན་པ།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཤིང་འབྲས་དང་སྔོ་ཚལ་འཐུ་བའི་དུས་ཆེན་སྐབས་བཅུ་པ་པ་སྣམ་རྫོང་ཇོ་མོ་གླང་མའི་དངོས་མང་སྟོན་ཚོགས་གླིང་དུ་འགོ་ཚུགས་པ་རེད། པ་སྣམ་རྫོང་ཡར་ཀླུང་གཙང་པོའི་ཆུ་ལག་གཙོ་བོ་མྱང་ཆུའི་འགྲམ་དུ་གནས་པ་དང་། དེ་ག་ནི་བོད་ཀྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་རེད།
 |
འདི་ནི་ལྟ་སྐོར་བས་པ་སྣམ་རྫོང་ཇོ་མོ་གླང་མའི་དངོས་མང་བཤམས་སྟོན་གླིང་གི་སྔོ་ཚལ་དྲོད་ཁང་དུ་སྔོ་ཚལ་འཐུ་བཞིན་པ། |