འཚོལ་བཤེར།   
藏文频道
2023ལོའི་ཟླ་6ཚེས་6ཉིན།

༄༅།།ཡུལ་ཤུལ་གྱི་བྱིས་པ་ཚོ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ལྟ་སྐོར་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་05ཉིན། 17:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཕན་བདེ་གླིང་གི་ན་གཞོན་ལོ་ཆུང་ཚོས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཛེས་རྩལ་འགྲེམས་སྟོན་ཁང་དུ་རང་ཉིད་དགའ་བའི་རི་མོ་དང་མཉམ་པར་བརྒྱབ་བཞིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཕན་བདེ་གླིང་གི་ན་གཞོན་ལོ་ཆུང་ཚོས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཛེས་རྩལ་འགྲེམས་སྟོན་ཁང་དུ་རང་ཉིད་དགའ་བའི་རི་མོ་དང་མཉམ་པར་བརྒྱབ་བཞིན་པ། 
མི་དམངས་དྲ་བའི་འཕྲིན། ཕུགས་འདུན་ཡིད་ལ་བཅངས་ཤིང་། སྤོབས་སེམས་རབ་ཏུ་འཕེལ།“པེ་ཅིང་། ང་སླེབས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་བྱིས་པའི་ཕན་བདེ་ཁང་ནས་ཡོང་བའི་གཞོན་ནུ་ལོ་ཆུང་40ཡིས་སྐད་གསངས་མཐོན་པོས་འདི་ལྟར་བསྒྲགས་ཅིང་། འདི་ནི་ཁོ་ཚོའི་རེ་སྙེག་གི་འབོད་སྒྲ་རེད་ལ། དགའ་སྣང་མཚོན་པའང་རེད།
ཟླ་6ཚེས་2ཉིན་ནི་ཡུལ་ཤུལ་ཁུལ་བྱིས་པའི་ཕན་བདེ་ཁང་གི་གཞོན་ནུ་ལོ་ཆུང་ཚོ་པེ་ཅིང་དུ་བསྐྱོད་ཅེས་པའི་བྱེད་སྒོའི་ཉིན་བཞི་པ་རེད། བྱིས་པའི་ཕན་བདེ་ཁང་གི་གཞོན་ནུ་ཚོས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྟེན་རྫས་བཤམས་སྟོན་ཁང་དང་། མཛེས་རྩལ་སློབ་གླིང་། དཔེ་མཛོད་ཁང་སོགས་ལ་ལྟ་སྐོར་བྱས་པ་རེད།
“རི་མོ་འདི་དག་ཡག་མོ་རེད……”མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བྱིས་པའི་ཕན་བདེ་ཁང་ནས་ཡོང་བའི་བྱིས་པ་ཚོས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་གི་རི་མོ་འགྲེམས་སྟོན་ལ་ལྟ་བཞིན་པ།
“འགྲེམས་སྟོན་ཁང་འདིའི་ནང་རི་མོ་མང་པོ་འདུག་ལ་ཡག་མོ་ཡང་འདུག རྗེས་སུ་ང་རང་ཡང་སློབ་ཆེན་འདི་འདྲ་ཞིག་ཏུ་རྒྱུགས་འཕྲོད་ནས་རི་མོ་འབྲི་རྒྱུའི་ཕུགས་བསམ་ཡོད”ཅེས་ཀུན་དགའ་མཚོ་སྒྲོན་གྱིས་གསར་འགོད་པར་བཤད།
 ཕྱི་དྲོར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མེང་མའེ་ཡིས་གེ་སར་རྒྱལ་པོ་དང་། འབྲི་ཆུ། རྟ་རྒྱུག་རིག་གནས་སོགས་རྒྱ་བོད་དབར་གྱི་ལོ་རྒྱུས་སྐོར་འཆད་ཁྲིད་གནང་བ་རེད། རྒན་ལགས་ཀྱིས་འཆད་ཁྲིད་བར་མཚམས་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་ན་ཆུང་གཞོན་ནུ་ཚོ་དང་སྤེལ་རེས་བྱས་ཤིང་། སློབ་གྲོགས་ཚོས་ལན་བཏབས་པར་རྒན་ལགས་དང་དེར་ཞུགས་ཀྱི་སྐུ་མགྲོན་ཚོས་ཐལ་མོ་རྡེབ་ནས་བསྟོད་བསྔགས་བྱས། 
     ཕན་བདེ་ཁང་གི་འགོ་གཙོ་གནམ་གང་བཀྲ་ཤིས་ཀྱིས“དེ་རིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ལྟ་སྐོར་བྱས་ཏེ་སློབ་བུ་ཚོས་སློབ་གྲྭ་ཆེན་མོའི་ཁོར་ཡུག་དང་སློབ་ཆེན་གྱི་འཚོ་བ་ཉམས་སུ་མྱོང་ཐུབ་པ་མ་ཟད། དགེ་རྒན་ཆེན་མོའི་འཆད་ཁྲིད་ལ་ཉན་པ་དང་སློབ་ཆེན་སློབ་མ་ཚོ་དང་བགྲོ་གླེང་བྱེད་ཐུབ་པ་དེས་བྱིས་པ་ཚོའི་མ་འོངས་པའི་སློབ་སྦྱོང་དང་ཕྱོགས་གང་ས་ཅི་ཐད་ལ་ཕན་ཐོགས་ངེས་རེད་ལ། ཁོ་ཚོར་བློ་གྲོས་དང་སྤོབས་པ་སྔར་བས་སྐྱེད་སྲིད་པའི་ཡིད་ཆེས་ཡོད།” ཅེས་བཤད། 
“ཡུལ་ཤུལ་ནས་ཕེབས་པའི་གྲོགས་པོ་ཆུང་ཆུང་ཚོ། བདེ་ཐང་ངང་འཚར་ལོངས་ཡོང་བ་དང་། སློབ་སྦྱོང་ཡག་པོ་བྱས་ནས་པེ་ཅིང་ལྟ་བུའི་གྲོང་ཁྱེར་ཆེན་པོའི་སློབ་གྲྭ་ཆེན་མོར་ཡོང་ཐུབ་པ་བྱས་ཏེ་རང་ཉིད་ཀྱི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་གྱུར་ནས། མ་འོངས་པར་ཕ་ཡུལ་འཛུགས་སྐྲུན་ལ་རང་ནུས་འདོན་ཐུབ་ངེས་རེད”ཅེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་རིག་པའི་སློབ་མ་ཕག་མོ་བདེ་སྐྱིད་ཀྱིས་བྱིས་པ་ཚོར་སྨོན་འདུན་དང་བཅས་དེ་ལྟར་བཤད་བྱུང་། 
  ཡུལ་ཤུལ་ལ་སྔར་ནས“གླུ་གར་གྱི་ཕ་ས”ཞེས་འབོད་སྲོལ་ཡོད། ཡུལ་ཤུལ་ནས་ཕེབས་པའི་གཞོན་ནུ་ལོ་ཆུང་ཚོ་ཀྲུང་དབྱང་མི་རིགས་གླུ་གར་ཁང་དུ་སླེབས་རྗེས། དེ་གའི་གླུ་གར་འཁྲབ་སྟོན་མཁན་ཚོ་དང་མཉམ་དུ་ལག་གདངས་སྦྲེལ་ནས་སྐོར་བྲོ《ང་ཚོ་འདི་ལ་འཛོམས་བྱུང》ཞེས་པ་འཁྲབ་པ་མ་ཟད། བོད་ཀྱི་གླུ་པ་བཀྲ་ཤིས་དོན་གྲུབ་དང་མི་རིགས་གཞན་པའི་སྒྱུ་རྩལ་པ་ཚོས་ཁོ་ཚོར་བསུ་མ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
 ད་རེས་ཀྱི་བྱེད་སྒོ་འདི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་བྱིས་པའི་ཕན་བདེ་ཁང་གི་བྱིས་པ་ཚོར་མཚོན་ན་ལྟ་སྐོར་ཐེངས་ཤིག་ཙམ་མ་ཡིན་པར། ལོ་ཆུང་ཚོའི་མིག་རྒྱ་འབྱེད་ཅིང་མ་འོངས་པའི་ཕུགས་འདུན་གྱི་འབྲས་བུ་ཞིག་སེམས་ལ་འཇགས་ཡོད། 
(ཡེ་ཤེས་མཁའ་འགྲོ་དང་བསོད་ནམས་དབང་འདུས་ཀྱིས་གནས་འཕྲིན་སྤེལ།)
འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མུན་མའེ་དང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་བྱིས་པའི་ཕན་བདེ་གླིང་གི་ན་གཞོན་ལོ་ཆུང་ཚོ་བགྲོ་གླེང་བྱེད་བཞིན་པ།
འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མུན་མའེ་དང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་བྱིས་པའི་ཕན་བདེ་གླིང་གི་ན་གཞོན་ལོ་ཆུང་ཚོ་བགྲོ་གླེང་བྱེད་བཞིན་པ། 
འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་བྱིས་པའི་ཕན་བདེ་གླིང་གི་གཞོན་ནུ་ལོ་ཆུང་ཚོ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་བར་བགྲོ་གླེང་བྱེད་བཞིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་བྱིས་པའི་ཕན་བདེ་གླིང་གི་གཞོན་ནུ་ལོ་ཆུང་ཚོ་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་བར་བགྲོ་གླེང་བྱེད་བཞིན་པ།